| | e-texts navigator
|
297b1 ཏེ། བདག་གི་མིང་བརྗོད་ནས་འདི་སྐད་དུ་རིའི་སྙིང་པོ་ཐུགས་རྗེ་རྒྱ་ཆེ་བ། ཀླུ་ཡོངས་སུ་སྨིན་པར་མཛད་པ་བདག་ཅག་དྲན་ལགས་སོ།། བླ་ན་མེད་པའི་བྱང་ཆུབ་ལ་སྤྱོད་པར་མཛད་པ། ཐབས་དང་ཡེ་ཤེས་སྣ་ཚོགས་ལ
297b2 བརྩོན་པས་མི་སྤྱོད་ལགས་སམ། བདག་ཅག་སྡུག་བསྔལ་ལས་ཐར་པར་མཛད་དུ་གསོལ།། ཡོངས་སུ་སྒྲུབ་དགསོལ་ཞེས་སྨྲ་བདག་གིས་འདི་སྐད་དུ་བརྗོད་པར་བགྱིའོ།། ཏ་ད་ཡ་ཐཱ། གྷམ་བྷ་བྷུ་ཛ། བཻ་རེ་ནྱ་བྷ་ཛ། གོ་གྷ་བི་རེ་ཛ་དྷཛ།
297b3 མེར་བྷ་ཛ། ག་ཏུ་བ་བྷུ་ཛ། ཧཱུཾ་ཧཱུཾ། ཨ་ནེ་བ་བྷཱུ་ཛ། སྨ་ར་བྷུ་ཛ། སྨ་ར་ཨ་བརྟ་བྷུ་ཛ། ནི་མ་བ་བྷུ་ཛ་སྭཱ་ཧཱ།། བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་ཁ་ཅིག་ཀྵ་ཁྲོ་བོ་དེ་དག་གི་རྒྱུས་གནོད་པ་དག་གིས་གནོད་པ་བགྱིས་པར་གྱུར་པ
297b4 དེ་ལྟ་བུ་དེ་དག་གིས་བདག་གི་མིང་ནས་བརྗོད་པར་བགྱི་ཞིང་། ཀླུ་ཁྲོ་བ། ང་རྒྱལ་ཅན། དྲེགས་པ། ཕྲག་དོག་དང་། འདོད་ཆགས་ཀྱི་སེམས་ཞི་བར་བགྱི་བའི་སླད་དུ་གསང་སྔགས་འདོན་པ་ན་བདག་གིས་ལྔའི་རྣ་བ་རྣམ་པར་དག
297b5 པ་མི་ལས་འདས་པས་ཐོས་ནས་སྐྱེ་གནས་བཞི་པའི་ཀླུ་དང་། ཀླུ་ཆེན་པོ་དང་། ཀླུ་རྒན་པོ་དང་། ཀླུའི་བུ་དང་། ཀླུའི་འཁོར་རྣམས་དད་པར་མ་བགྱིས་སམ། དུས་མ་ལགས་པར་དོན་ཆེད་ཡང་བ་ལ་ཞུགས་པ་དག་མ་བཟློག་གམ། དེའི
297b6 ཚེ་དུ་ས་མ་ལགས་པའི་ཆར་མོ་ཆེ་དང་། ཐན་ཆེན་དང་། དུས་མ་ལགས་པའི་ལྤགས་པ་དང་། ཚ་བ་དང་། རླུང་དང་། སྤྲིན་དང་། འཁྲུག་པ་དག་རབ་ཏུ་ཞི་བར་མ་བགྱིས་སམ། བདག་གིས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་དེ་དག་གི
297b7 བསམ་པ་དང་། ཡོངས་སུ་རྫོགས་པར་མ་བགྱིས་ན། བདག་གིས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བསླུས་པར་གྱུར་ཅིག། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
297b8 རྒྱ་བར་མ་གྱུར་ཅིག། བཙུན་པ་བཅོམ་ལྡན་འདས་བདག་གིས་སྔོན་འདི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་ཚོགས་པ་དང་བཅས་པའི་སྤྱན་སྔར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་སྨོན་ལམ་བརྟན་པོར་བཏབ
iiif viewer powered by OpenSeadragon
297a - 298a