e-texts navigator
Collection
Volume
Page
Wylie

297a1 སྔོན་དང་། ད་ལྟར་དང་། མ་འོངས་པའི་རུས་ཀྱི་ཀླུ་དང་། ཀླུ་ཆེན་པོ་ཀླུ་ཁྲོ་བོ་སྐྱེ་གནས་བཞི་པ་དག་དབུགས་གདུགས་པ་དང་། ཀླུ་རྣམས་ཀྱི་མིག་གདུག་པ་དང་། རེག་པ་གདུག་པ་དང་། ལྕེ་གདུག་པ་དང་། འདོད་ཆགས་ཀྱིས་དུག
297a2 དང་། ཞེ་སྡང་གི་དུག་དང་། གཏི་མུག་གི་དུག་དང་། ཀླུ་ཁྲོ་བོ་རྣམས་ཀྱི་སྡིག་པའི་ཚེས་དག་ཅི་ནས་ཀྱང་ཆོས་དང་ལྡན་པས་བསལ་བར་ནུས་པར་བྱའོ།། ཅི་ནས་ཀྱང་ཀླུ་ཁྲོ་བོ་དེ་དག་གིས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད
297a3 པ་དང་། ཡོ་བྱད་སྣ་ཚོགས་དང་ལྡན་པ་རྣམས་ལ་གནོད་པར་མི་འགྱུར་བར་བྱའོ།། དཀོན་མཆོག་གསུམ་པོ་དེ་དག་ལ་དད་པ་དང་། དགའ་བ་ཐོབ་པར་བྱའོ།། དེ་འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་བཅས་ཤིང་སྡིག་པའི་ཆོས་རྣམས་དང་འབྲལ་བར།
297a4 འགྱུར་བར་བྱའོ།། ཞེས་སྨོན་ལམ་བཏབ་བོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་གིས་གང་དག
297a5 ཀླུ་ཁྲོ་བོ་དེ་དག་ནི་གནས་དེར་ཞུགས་ཏེ་མཆིས་ནས་ཀླུ་རྣམ་པར་བསྒྱིངས་པའི་གནས་ཤེས་བགྱི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་པར་བགྱི་ལགས་སོ། ། དེ་ཏིང་ངེ་འཛིན་གྱི་མཐུ་དག་གིས་དེ་དག་གི་ཁྲོ་བ་དང
297a6 རྒྱལ་དང་། དྲེགས་པ་དང་འདོད་ཆགས་དེ་དག་ཉེ་བར་ཞི་བར་བགྱི་ལགས་སོ།། དེ་དག་འཇམ་པ་དང་། སྣོད་དུ་རུང་བ་དང་། སེམས་ཞི་བར་འགྱུར་བ་དང་། སེམས་འཇིག་རྟེན་ཕ་རོལ་ལ་ལྟ་བར་འགྱུར་བ་དང་།། སེམས་ཅན་ཐམས་ཅད་ལ
297a7 སེམས་བྱམས་པ་དང་། སྙིང་རྗེ་བ་དང་། སྙིང་རྩེ་བ་དང་། སེམས་བརྩེ་བ་ཅན་དུ་འགྱུར་བར་བཀྱི་ལགས་སོ།། གླ་ཁོ་བོ་དང་། ཀླུ་མ་རུངས་པ་རྣམས་དད་པར་འགྱུར་བ་རབ་ཀྱི་ལགས་སོ།། སེམས་ཅན་ཐམས་ཅད་ལ་མི་འཚོ་ཞིང་སྙིང་རྩེ་བ
297a8 ཅན་གྱི་སེམས་ཀྱི་ས་ལ་གནས་པར་བགྱི་ལགས་སོ། ། གཞན་ཡང་གང་དག་རྫི་ཆར་དང་། ཆར་མོ་ཆེ་དང་། ཐན་ཆེན་དང་། སྤྲིན་དང་། སྤྲིན་ཆེན་དང་། ལྷགས་པ་དང་། ཚ་བ་དག་གིས་གནོད་པར་གྱུར་པའི་སེམས་ཅན་དེ་དག་གིས་ཐལ་མོ་སྦྱར




iiif viewer powered by OpenSeadragon

296b - 297b

Texts on this page