e-texts navigator
Collection
Volume
Page
Wylie

296a1 ནས་རྒྱུ་དེས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དག་འཁྲུག་པར་མི་བྱེད་པའི་བར་དུའོ།། དེ་བཞིན་དུ་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་འབྱུང་བ་ནི་སྔང་ཇི་སྐད་གསུངས་པ་བཞིན་ནོ།། །། འདུས་པ་ཆེན་པོ
296a2 ཐེག་པ་ཆེན་པོའི་མདོ་བཅཝ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་ཐན་ཆེན་རབ་ཏུ་ཞི་བར་བྱེད་པ་མཚོན་པ་སྟེ་གསུམ་པ་རྫོགས་སྷོ། ། །། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དཔཔ་ལྷ་མོ་ཆོག
296a3 ཤེས་སྔོན་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོའི་སྤྱན་སྔར་བདག་ཅག་གཉིས་ཀྱིས་ཕན་ཚུན་དམ་བཅས་པ་དེ་བཞིན་དུ། ། བདག་ཅག་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་ཤིང་གྲུབ་བོ།། དེ་ནས་དཔལ་ལྡ
296a4 ཆེན་མོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ།། བཙུན་པ་བདེ་བར་གཤེགས་པར་ལྟ་ལགས་སྟེ། སྐལ་གྱི་བསམ་པ་རྫོགས་ལགས་སོ།། སྔོན་སྐོལ་གྱིས་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ
296a5 མཚན་རྒྱལ་པོའི་སྤྱན་སྔར་ཕན་ཚུན་མ་བཅས་པ་བཞིན་འདི་ལྟར་སྐོལ་གྱི་བསམ་པ་ཡོངས་སུ་གྲུབ་སྟེ། ད་ལྟར་ཁྱོད་ཉིད་ནི་དེ་བཞིན་གཤེགས་པ་སྟེ་འཇིག་རྟེན་ཏུ་བྱུང་ལ། ད་ལྟར་བདག་གིས་ནི་དཔལ་གྱི་གོ་འཕང་ཐོབ་པ་ལགས་སོ།།
296a6 དལྟར་བདག་གིས་སེམས་ཅན་རྣམས་ལ་སེམས་ཅན་ཡོངས་སུ་སྨིན་པར་རྔོ་མི་ཐོག་པར་གྱུར་པ་དེ་ཅིའི་སླད་དུ་ཞེ་ན། འདི་ནི་ཀླུ་གླང་པོ་ཆེ་ལྟ་བུ་དང་། ཀཱ་ཏ་ལྟ་བུ་དང་། ཀླུ་སྦྲུལ་ལྟ་བུ་དང་། ཀླུ་ཉ་ལྟ་བུ་དང་། ཀླུ་སྦལ་པ་ལྟ་བུ་དེ་དག་རུ་ས་འདིར
296a7 ཡང་བསྒྲུབ་པར་བགྱིད་ལགས་སོ། ། བདག་གིས་འཇིག་རྟེན་སྣང་བར་བྱེད་པ་ཟབ་མོ་དག་བསྟན་པ་ན་གང་དག་དུས་མ་ཡིན་པའི་ལྷགས་པ་དང་། ཚ་བ་དང་། སྤྲིན་དང་།། བུག་ན་དང་། ཇི་ཆར་དང་། ཆར་མོ་ཆེ་དང་། བན་ཆེན་དང་། འབྱུང
296a8 བར་བགྱི་པ། སེམས་ཅན་རྣམས་ཀྱི་ལོ་ཏོག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། འབྲུ་དང་། སྨན་རྣམས་མ་རུངས་པར་བགྱིད་པའི་ཀླུ་དང་། ཀླུ་ཆེན་པོ་དེ་དག་མ་པ་སྐད་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དུས




iiif viewer powered by OpenSeadragon

295b - 296b

Texts on this page