| | e-texts navigator
|
294b1 དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དཔལ་ཆོག་ཤེས་ཁྱོད་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་ནི་དེ་ལྟ་བུ་ཡིན་ཏེ། དེའི་མཐུས་རྩོད་པ་དང་། ཐབ་མོ་ཐམས་ཅད་རབ་ག་ཞི་བར་བྱེད
294b2 དོ། ། ཐུ་ཁྲོ་བོ་དང་། མརུངས་པ་ཐམས་ཅད་ཞི་བར་བྱེད་དོ།། གནོད་སྦྱིན་ནས་མི་དང་། མི་མ་ཡིན་པ་དང་། ཐ་ན་རི་དགས་དང་། བྱ་ཁྲོ་བོ་དང་། མདུངས་པ་ཐམས་ཅད་ཀྱང་ཞི་བར་བྱེད་དོ།། དུས་མ་ཡིན་པའི་རླུང་དང་། ཉི་མས་གདངས་པ་དང་། གྲང་བ་དང་།
294b3 པ་དང་། ཐན་ཆེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ།། ལོ་ཏོག་ཐམས་ཅད་འཕེལ་ཞིང་འགྲུབ་པར་བྱེད་དོ།། སེམས་ཅན་རྣམས་ཚ་རིང་བར་བྱེད་དོ།། ལོངས་སྤྱོད་འཕེལ་བར་བྱེད་དོ།། ལས་འཕེལ་བ་སྒྲོལ་བར་བྱེད་པའི་བར་དུ་བྱེད་དོ།།
294b4 ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་གི་བར་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ།། ཡོངས་སུ་ཉམས་པར་མི་འགྱུར་རོ།། ལ་ལ་ཞིག་གཟུངས་ཆེན་པོ་འདི་ཉན་ཏམ།། ཀློག་གམ། སྒྲུབ་པར་བྱེད་ན་དེ་ཕྱིས་འགལ་བ་མེད
294b5 པའི་ཆོས་དང་། སྡོམ་པ་གསུམ་ལ་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་འདིར་བདག་གིས་ཀྱང་མཚོན་ཆའི་སྟོབས་ཤེས་བགྱི་བའི་གཟུངས་ཆེན
294b6 པོ་བཤད་པར་བགྱིའོ། ། མཚོན་ཆའི་སྟོབས་ཤེས་བགྱི་བའི་གཟུངས་དེས་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱི་ཆེད་དུ་སའི་བཅུད་ཐམས་ཅད་ཉམས་པར་མི་འགྱུར་ལགས་སོ།། ཡོངས་སུ་ཉམས་པར
294b7 མི་འགྱུར་ལགས་སོ། ། སའི་བཅུད་ཀྱི་མདངས་རྣམས་གང་གིས་ཀྱང་དབྲོག་པར་རྔོ་མཐོག་ལགས་སོ།། དབུགས་གདུག་པ་གཏོང་བ་འམ། བསྐམ་པར་ཡང་རྔོ་མི་ཐོག་ལགས་སོ།། རྩུབ་པ་དང་། རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་།
294b8 ཉམས་པ་དང་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་སོ།། དོག་ས་ལས་ལེ་ཏོག་མི་འཁྲུད་པར་བགྱི་བར་རྔོ་མི་ཐོག་ལགས་སོ།། རྩུབ་པ་དང་རོ་མ་མཆིས་པར་བགྱི་བར་རྔོ་མི་ཐོག་ལགས་སོ།། ལོ་ཏོག་གིས་བོན་དང་། མྱུ་གུ་དང་། མདབ་མ
iiif viewer powered by OpenSeadragon
294a - 295a