e-texts navigator
Collection
Volume
Page
Wylie

294a1 མཐོང་བ་འཕེལ་བར་འགྱུར་རོ། ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འཕེལ་བར་འགྱུར་རོ།། སངས་རྒྱས་ཀྱི་ནིདང་ཀྱི་ཡོན་ཏན་དཀོད་པ་རབ་ཏུ་འཛིན་པ་འི་ཕེལ་བར་འགྱུར་རོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད6།
294a2 པར་དུས་སུ་དགོངས་པ་འཕེལ་བར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགལ་རྟག་ཏུ་དགེ་བའི་བཤེས་གཉེན་ཡིན་པར་འཛིན་པ་འཕེལ་བར་འགྱུར་རོ།། འཕྲུལ་གྱི་རྐང་པས
294a3 རྣམ་པར་རྩེ་བར་འགྱུར་རོ། ། ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་འཕེལ་བ་དང་། ལས་འཕེལ་བ་དག་ལས་ཀུན་ནས་སྒྲོལ་བར་བྱེད་དོ།། མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་ཐུག་པའི་བར་དུ་དགེ་བའི་ཆོས་ཐམས་ཅད་ཀྱིས་ཉམས་པར་མི་འགྱུར་རོ།།
294a4 ཡོངས་སུཉམས་པར་མི་འགྱུར་རོ།། ཏད་ཡ་ཐཱ། སྭ་ར་པྲྀ་ཏི། ན་ཡ་ཐ་ཏི། བིཥྚ་ཚ་ཏེ། ཨ་ན་ཡ་པྲ་ཏི། ཤཱ་ཏི་ར་པྲ་ཏི། ཤ་ར་ཎ་པྲ་ཏི། ཀུ་མུད་པྲ་ཏི། ས་ཙི་ར་པྲ་ཏི། ཚེང་ས་ལ་པྲ་ཏི། ས་ར་པྲ་ཏེ། སར་པ་རི་ཧ་རེ། ས་ར་པྲ་ཏ་པ་རི་ཧཱ་རེ། ན་ཡན་པྲཿ
294a5 པ་རི་ཧཱ་རེ། བི་བི་དྷེ་ཀ་བ་རི་ཧཱ་རེ། ཡ་ཛྙཱ་པ་རི་ཧཱ་རེ། བིན་ཏུ་པ་རི་ཧཱ་རེ་ཛ་ལ་པ་རི་ཧཱ་རེ། ཀྵེ་ཏ་པ་རི་ཧཱ་རེ། ད་ཀཱ་པ་རི་ཧཱི་རེ། ས་ན་ས་པ་རི་ཧཱ་རེ། ཤྲ་བ་བྷ་དྲྀ། གོ་མ་ཡ་བ་ཎེ། མ་ངས་ཁེ། སུ་ན་ཡ་བྷ་དྲ་ཛེ་མ་ལ། བ་ན་དེ་ཨ་རན་ཛུ་ཥེ། ཁ་ར་བཛཱ་བྷེ། ན་རཱ་ཡཿ།
294a6 བིཛ་བྷེ། ཨུ་ར་ཀ། ཨ་ནི་མེ་ཥེ། ཀུན་ཛ་བྷེ། ཛ་ཧ་ནི་མ་བྷེ། ཀརྨ་བི་ར་ལེ། ཤྲམས་ལི་ལཻ། ཥཌ་ཀ་ཤ་མ། ཨ་སི་ནཱི་མ། ཨ་ག་ནི་བྷདྷེ། ནང་གཏུམ་བུ་རེ། བ་ཡ་བེ་བ་རུ་ཎེ། ཀ་ན་ཐ་ཎི་ཐ། ཤ་བཛྙཱ་ཡེ། ཨན་ཚེ་བྱེ་རྦི་ན་ཡ། ནི་ལེ་ཏྲི་ཡང་དྷ། བུདཿ
294a7 ཨརྷཥྚི་ཏེ་སྭཱཏཱ། ན་རཱ་ཡ་ནི་ནི་ལ་ཡེ་སྭཱ་ཧཱ། ཙཀྲ་བརྟ་ཀྲེ་མ་སྭཱ་ཧཱ།། བཅོམ་ལྡན་འདས་ཀྱིས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་བསྟན་མ་ཐག་དུད་ནས་དེའི་མོད་ལས་ཆེན་པོ་གཡོས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས
294a8 ཅད་ཀྱིས་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏོ། ། ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་ལྤགས་པ་རྣམས་ཀྱང་འདར་ཤིག་ཤིག་སྟེ། འཁྲུགས་ཤིང་སྐྱོབ་སྐྱེས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ།།




iiif viewer powered by OpenSeadragon

293b - 294b

Texts on this page