| | e-texts navigator
|
293a1 དང་། ། དེ་དག་ལ་སྩོགས་པ་ལྷ་གཞན་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དཔལ
293a2 མོཆེན་མོས་དེའི་ཚེ་ཚིགས་སུ་བཅད་པས་གསོལ་པ། ། སྤྱོད་པ་རྣམ་དག་དྲི་མའི་འདྲི་མེད་པ།། ཉི་མས་ཉོན་མོངས་རྙོགསེལ་བསྟན་དུ་གསོལ།། ཆུ་ཀླུང་གཟུངས་ཀྱིས་བདག་ཅག་ཞོམ་ལགས་ན།། བདེ་གཤེགས་གཟུངས་ཚོགས་ཞིབ་གྱི
293a3 བསྟན་དུ་གསོལ། ། ཆུ་ཀླུང་རིག་སྔགས་གསང་སྔགས་ཚིག་རབ་མཆོག། ཐུབ་པ་རིན་པོ་ཆེའི་བསྟན་དུ་གསོལ།། དེས་ན་རྙོག་ལྡན་ཀྲུང་དག་དང་འགྱུར་བས།། སའི་བཅུད་རྣམས་སླན་ཆད་ཆབ་མི་འཚལ།། དུས་མིན་རླུང་དང་ཉི་མས་གདུངས་པ
293a4 དང་། རྡུལ་དང་ཐན་པ་ཆེན་པོ་ཞི་བགྱིད་ལ།། ལོ་ཏོག་འབྲས་བུ་སུས་ཀྱང་མདངས་མི་འཕྲོག། གང་དག་སྲུང་བར་འགྱུར་བ་བསྟན་ཏུ་གསོལ།། དེས་ན་ནད་མེད་དྲན་དང་ལྡན་པ་དང་།། དགེ་བ་དག་ལ་སྤྱོད་པར་གྱུར་ནས་ཀྱང་།། རྒྱལ་བའི་བསྟན་ལ
293a5 ལྟ་བ་ངན་པ་པོ། ། ཡང་བདག་རྣམ་པར་སྤོང་བར་འགྱུར།། རྒྱལ་བས་བདག་གི་སྙིང་ལ་མྱ་ངན་དང་།། ཉོན་མོངས་སེལ་བགྱིད་མདངས་ནི་འགྲུབ་པ་དང་།། གང་གིས་བདག་ནི་སེམས་ཅན་ཐམས་ཅད་དག། ཡོངས་སྨིན་བགྱིད་པར་རྔོ་ཐོག་བསྟན
293a6 དུ་གསོལ། ། ཐུབ་པའི་ཐད་ན་ལྷ་རྣམས་འདི་དག་གསོལ་འདེབས་པ།། ཐེག་པ་ཆེན་པོ་ཟབ་མོའི་ལམ་ལ་གཞུག་ཏུ་གསོལ།། སེམས་ཅན་ཡོན་ཏན་ཕྲག་པོ་འབྲས་བཅས་འདུས་པ་པོ།། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྔགས
293a7 པ་བརྗོད། ། ཆུ་བོ་ལེགས་འབབ་ལེ་ཏོག་མི་ཉམས་བཀྱི་སླད་དུ།། སྡིག་ཅན་ཀླུ་རྣམས་བཟློག་ཕྱིར་འདི་དག་བསྟན་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ཆོག་ཤེས་འདྲས་པ་རྣམས་ཀྱི་མདུན་དུ་དེ་བཞིན་གཤེགས
293a8 པ་ནི་དུས་སུ་བྱིན་གྱིས་རློབ་པར་མཛད་ལ། ། དེ་བཞིན་གཤེགས་པ་ནི་འདུས་པ་རྣམས་ཀྱི་ནང་དུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ།། འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས
iiif viewer powered by OpenSeadragon
292b - 293b