e-texts navigator
Collection
Volume
Page
Wylie

291a1 པོའི་གོའ་པར་ཐོབ་པ་ཡིན་ནོ། ། ད་ལྟར་བདག་འདི་དོན་ཆེན་པོ་དེ་ལྟ་བུ་བགྱིད་པའི་ཚེ་མི་ཉལ་བ་དེ་ཅིའི་སླད་དུ་ཞེ་ན། དེ་ཚུན་ཆད་ཀླུ་ཁྲོ་བོ་ཕལ་པོ་ཆེ་དག་བྱུང་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ཡི་དགས
291a2 དང་། ཤ་ཟ་མ་རུངས་པ་རྩུབ་པ། མ་དད་པ། སྙིང་རྗེ་མེད་པ། སྙིང་བརྩེ་བ་མེད་པར་ཞུགས་པ་ཕལ་མོ་ཆེན་དག་ལྷགས་པས་སྲོག་ཆགས་སུ་གྱུར་པ་རྣམས་ལ་གནོད་པ་དང་། ཡང་བར་སྤྱོད་པ་དེ་དག་གིས་དུས་མ་ཡིན་པའི་རླུང་དང་། ཆང་པོ་ཆེ་དང་།
291a3 ཟན་ཆེན་དང་། སེར་དྲག་འབེབས་པ་དང་། ཚ་བ་དང་། གྲང་བ་དག་འབྱིན་པར་བྱེད་དོ།། ཕྱི་དགྲ་དང་། ནང་འཁྲུག་དང་། ཕུང་བར་འགྱུར་བ་དང་། པས་ཀྱིས་དམག་ཚེགས་ཀྱི་གནོད་པ་དང་། ཐབ་མོ་དང་། ཉི་མས་གདུངས་པ་དང་། རུང་དམར་ངག་གཏོར
291a4 པར་བྱེད་དོ། ། དེ་དག་ཀྱང་སྔོན་གྱི་རྒྱལ་བས་བྱིན་གྱིས་མ་བརླབས་ལ། དེ་དག་འཇིག་རྟེན་ཕ་རོལ་ལ་ཡང་མི་ལྟ་བས་འབྱོར་བྱེད་ཆུ་ཁྱིམ་སྙིང་པོ་ཞེས་བྱ་བའི་གཟུངས་འདི་ལ་རི་མོ་མི་བྱེད་དེ། དེ་དག་སེམས་ཅན་རྣམས་ཀྱི་ས་བོན་དང་། མྱུ་གུ་དང་།
291a5 མདབ་པ་དང་། མེ་ཏོག་དང་། འབྲས་བུ་དང་། རོ་དང་། འབྲུ་དང་། སྨན་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དག་ཆུད་གཟོན་པར་བྱེད་དོ།། འཇིག་པར་བྱེད་དོ།། མདངས་འཕྲོག་པར་བྱེད་དོ།། དེ་དག་སའི་བཅུད་རྣམས་ལ་དབུགས་གཏོང་བར་བྱེད་དོ།།
291a6 ངག་གིས་སའི་བཅུད་རྣམས་སྐྱོན་དང་བཅས་པ་དང་། སྙིགས་མ་དང་བཅས་པ་དང་། ནད་དང་བཅས་པ་དང་། ལྡ་མ་ལྡུམ་གྱིས་འགགས་པ་དང་། རྩུབ་པ་དང་། རེ་མེད་པ་དང་། སྲ་བ་དང་། དྲི་མི་ཞིམ་པ་དག་བྱེད་དོ།། དེ་དག་གིས་སེམས་ཅན་ནམས་མངོན་པར
291a7 དགའ་བར་མི་བྱེད་དོ། ། སེམས་ཅན་གང་དག་སའི་བཅུད་འདི་ལ་རྟེན་པ་རྣམས། ས་བོན་དང་། སྡོང་བུ་དང་། ལོ་མོ་དང་མེ་ཏོག་དང་། འབྲས་བུ་དང་། རོ་དང་། འབྲུ་དང་། སྨན་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་དག་ལ་སྤྱོད་པར་བྱེད་པས་དེ་དག་གིས་སེམས་འཇིག
291a8 རྟེན་ཕ་རོལ་ལ་མི་ལྟ་ཞིང་སེམས་ཅན་རྣམས་ལ་སེམས་རྩུབ་པ་དང་། ཞེ་འགྲས་པ་དང་། གདུག་པ་དང་། སྡང་བ་དང་། སྙིང་རྗེ་མེད་པ་དང་། སྙིང་བརྩེ་བ་མེད་པར་ཞུགས་པ་ཡིན་ནོ།། ནང་སྣ་ཚོགས་ཀྱིས་གཟིར་ཅིང་གཟུགས་མི་སྡུག་ལ་ལུས་ནུབ




iiif viewer powered by OpenSeadragon

290b - 291b

Texts on this page