| | e-texts navigator
|
290a1 བགགས་ཀྱ་ལ་ཕྱག་འ་བ་དག་བདག་པ་ཐན་མེད་པ་ཡང་བསྟན་པར་བརྒྱལ། རྣཔལ་བབ་པ་དང་། བརྣ་པ་མབྱུད་པ་མེད་པའི་སྦྱིན་པ་པར་འབྲང་བ་རྒྱག། གགགས་པས
290a2 པའཁོར་དང་བཅས་པ་དག་ལ་བདག་གིས་ཞལ་ཟས་དང་། བཏུང་བ་སྣ་ཚོགས་དག་གིས་རིམ་གྲོབ་ཀྱིའོ།། དེར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མངོན་སུམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐབ
290a3 པར་བགྱིའོ། ། དེར་སེམས་ཅན་གང་དག་མ་རུངས་པ། རྩུབ་པ། སྙིང་མི་བརྩེ་བ། བྱས་པ་མི་གཟོབ། མི་མཉམ་པ། ཡང་བར་སྤྱོད་པ། སྡིག་པའི་སེམས་དང་ལྡན་པ་དག་འབྱུང་བར་འགྱུར་བ་དེ་དག་གིས་དུས་མ་ཡིན་པའི་རྫི་ཆར་དང་། ར་བ་དང་།
290a4 གྲང་བ་དང་། ཆར་མོ་ཆེ་དག་འབེབས་པར་བྱེད་པས་གང་དག་སེམས་ཅན་རྣམས་ཀྱི་འབྲུ་དང་། འབྲས་བུ་དང་། ལེ་ཏོག་དང་། སྲན་དང་། ལྗོན་ཤིང་དང་། རོ་དག་མ་རུངས་པར་བྱེད་པ། མདངས་འཕྲོག་པ། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས
290a5 སུ་སྤྱོད་པ་དག་ཆུད་གཟོན་པར་བྱེད་པ། མུན་གནག་དུ་བྱེད་པ་དེ་དག་ཐམས་ཅད་བདག་གིས་བསོད་ནམས་ཀྱི་མཐུ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་བཟློག་པར་བགྱིའོ།། དད་པར་བགྱིའོ།། །། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ།
290a6 བམ་པོ་གཉིས་པ།། གང་གི་ཚེ་སེམས་ཅན་དེ་དག་ལོངས་སྤྱོད་དང་། ཉེ་བར་སྤྱོད་དང་བྲལ་བས་སེམས་ཅན་དེ་དག་མི་དགེ་བ་བཅུ་ལ་སྤྱོད་པར་བྱེད་དོ།། དགེ་བ་བཅུའི་ཆོས་རྣམས་ཡོངས་སུ་ཉམས་པར་བྱེད་དོ།། འདི་ལྟར་དེ་ལྟར་བཅོམ
290a7 ལྡན་འདས་ཀྱི་གདུལ་བྱ་རྣམས་བསྟན་པ་དང་། དཀོན་མཆོག་གསུམ་གྱི་གདུང་དང་། ཡོ་བྱད་དག་དང་མི་ལྡན་པས་གྲགས་པ་མེད་པར་འགྱུར་ཏེ། དེསན་དེར་བདག་གིས་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་ཡོ་བྱད་ཕུན་སུམ་ཚོགས་པའི
290a8 ཧཱུཾ་དག་གིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱིའོ། ། གང་གི་ཚེ་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པས་མ་འོངས་པའི་དུས་ན་དེ་ལྟར་བདག
iiif viewer powered by OpenSeadragon
289b - 290b