e-texts navigator
Collection
Volume
Page
Wylie

288b1 དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོས་དཔལ་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། ། དཔལ་ཆོག་ཤེས་གླིང་ཆེན་པོ་བཞི་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་ཡུན་རིང་པོར་ཤིན་ཏུ་མཆོད་པ་ཆེ
288b2 བྱ་བ་དང་། རྗེས་སུ་སྲུང་བར་བྱ་བ་དང་། རྗེས་སུ་དྲན་པར་བྱ་བ་དང་། ཕྱག་བྱ་བར་འོས་པདག་ཇི་ཙམ་པ་ནི་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔ
288b3 ཆེན་པོ་དེ་དག་ཐམས་ཅད་ཀྱི་འདུས་པ་ཆེན་པོ་དེ་ལྟ་བུ་དག་བསྡུས་པ་དང་། བྱང་ཆུབ་ཀྱི་ལམ་མཐའ་དག་ལ་འཇུག་པ་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་ཐབས་མཁས་པའི་ཕ་རོལ་ཏུ་འགྲོ་བ་དང་། སངས་རྒྱས་སུ་དབང་བསྐུར་བའི་ས་རབ
288b4 ཏྲ་བསྒྲགས་པ་དེ་ལྟ་བུ་དག་ལྟོས་ཤིག། ཁྱོད་ཕྱིར་མ་ལྡོག་པའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་སྟེ། སྦྱིད་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་ཡང་དག་པར་མངོན་དུ་ཞོན་ནས་ཁྱོད་ཀྱི་སྦྱིན་གནས་དེ་ལྟ་བུ་དག་ལ་བཟའ་བ་དང་། གཏང་བའི
288b5 ཡོ་བྱད་དག་འབྱོར་པར་བྱས་པ་ཡིན་ཏེ། ཁྱོད་བརྩོན་པ་དེས་ན་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་གནས་པར་བྱེད་དམ། དེ་ལ་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས
288b6 སྨྲས་སོ། ། སྐྱེས་བུ་ཆེན་པོ་དམ་པས་ཇི་སྐད་སྨྲས་པ་དེ་ལྟར་ལགས་ཏེ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ་དག་འདས་པ་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་བྱང་ཆུབ་སེམས་དཔའི
288b7 སྤྱད་པ་སྤྱོད་པར། འདི་ལྟར་བདག་དང་གཅིག་ལ་གཅིག་དམ་ཚིག་བཅས་པ་གང་གི་ཚེ། ཁྱོད་བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ།། བདག་གླིང་ཆེན་པོ་བཞི་པ་དེར་དཔལ་ཆེན་པོའི་གོ
288b8 ཐོབ་པ་ཤོག་ཤིག་པ་དང་། དེ་ན་སེམས་ཅན་རྣམས་ལ་བཟླ་བ་དང་། གཏུང་བའི་ཡོ་བྱད་ཐམས་ཅད་ཀྱིས་སྦྱིད་པ་བྱེད་པར་འགྱུར་བར་བགྱིས་ལགས་སོ།། རིགས་ཀྱི་བུ་ཁྱོད་བདག་ལས་གསན་ཅིག་དང་། སྔོན་བྱུང་བ་འདས་པའི་དྲིས་བསྐ




iiif viewer powered by OpenSeadragon

288a - 289a

Texts on this page