| | e-texts navigator
|
288a1 བོ་བྱེད་པ་ཡོངས་རྒྱད་ནི་ད་པའི་འ་མ་པས་ཡ་པ་བར་བྱུང་། བན་དུ་ནན་ལྡན་ག་ས་ཀྱ་ས་པ་ཅད་། གས་ན་པ་ཡ་ག
288a2 ཡིན་ན། ། དེ་བཞིན་དུ་རྫུ་འཕྲུལ་གྱི་ནང་པ་བེནས་པ་མངོན་པར་ཤེས་པ་ཡིན་ནོ། ཡ་མ་ས་ནག་ལ་རྗོད་པ་བཐར་ལྔབ་དང་། དམཔའི་རྣམམཉ་པའི་གྱི་ས་ས་རྒྱ་ཀྱིན་སེམས་ཅ་རྫོགས། བྲག
288a3 འགྲོབ་ལ་ཁམ་པ་ཡིན་ནོ། ། གང་གིས་ན་སེམས་ཅན་ཐམས་ཅད་ཀྱིལམ་གསུམ་པོ་ལས་ཀྱི་ལམ་དང་། ཉོན་མོངས་པའི་ལམ་དང་། སྡུག་བསྔལ་གྱི་ལམ་དག་སྐམས་པར་བྱེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའང་ལྟར་སྐམས་པར་བྱེད་པའི་རྒྱ
288a4 བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། དེ་བཞིན་དུ་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།
288a5 ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་པ་ན། འཁོར་དེ་ན་སེམས་ཅན་ལྔ་ཁྲི་བོ་གང་དག་གིས་སྔོན་ཚེས་བཞི་པོ་འདི་དག་གོམས་པར་བྱས་པ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ
288a6 ཐོབ་པ་དང་ལྡན་ནོ། ། དེ་ན་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དག་གིས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ན་སྲོག་ཆགས་ཁྲག་ཁྲིག་སྟོང་ཕྲག་དགུ་བཅུ་རྩ་དགུ་དག་གིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ
288a7 རྫོགས་པ་རབ་དུ་ཐོབ་པར་འགྱུར་ཏོ། ། དེ་ན་སེམས་ཅན་སྔོན་བྱང་ཆུབ་དུ་སེམས་མ་བསྐྱེད་པ་ཁྲག་ཁྲིག་འབུམ་ཕྲག་དཔག་དུ་མེད་པ་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར
288a8 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། །། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བཅཝ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་བསམ་གཏན་མཚོན་པ་སྟེ་གཉིས་པ་རྫོགས་སྷོ།། །། དེ་ནས་དེ་ཉིད་དུ་བྱང་ཆུབ་སེམས
iiif viewer powered by OpenSeadragon
287b - 288b