e-texts navigator
Collection
Volume
Page
Wylie

287b1 གནངས་ས་རྒྱས་ཤཱ་མེད་པ་དག་ག་ཟུག་པར་རྒྱས་སོ།། དོད་ངས་རྣས་བཅོམ་ལྡན་དས་འཁོར་དང་བཅས་ཐམས་ཅ་དང་། བྱང་ཆུབསསམདའ་སེམས་པ་ཛིན་པོ་བ་ད་གནས་པགས་དག
287b2 པམ་ལུས་པ་དག་སོར་མོ་གཅིག་གི་སེན་མོའི་ནང་དུ་བལྟ་པར་ཡང་ནུས་སོ། ། འདོད་ན་སྲའི་རྩེ་མོ་གཅིག་གི་ནང་དུ་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་གཞུག་པར་ཡང་ནུས་ལ། ད་ན་དེ་སེམས་ཅན་རེ་རེའི་རང་རང་གི་ཡུལ་དང་། སྤྱོད་ཡུལ་དག
287b3 ཡངས་པར་ཡང་མཐང་། ། འདོད་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་སུ་མེད་པ་དག་གི་རླུང་གི་ཁམས་ཐམས་ཅད་སྒྲུབ་རྩེ་མོ་གཅིག་ག་ནང་དུ་བཅུག་སྟེ་དྲང་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེན་པར་ཡང་མི་མཛན་དོ།།
287b4 བར་ཡང་མི་མངོན་ནོ།། འདོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཆུའི་ཁམས་ཐམས་ཅད་མོན་སྲན་སྡེའུའི་འབྲུམ་བུ་གཅིག་གི་ནང་དུ་བཅུག་ཏེ། དེར་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད
287b5 ཀྱང་དེ་ཆེ་བར་ཡང་མི་མངོན་ནོ། ། ཆུད་པར་ཡང་མི་མངོན་ནོ།། བྱང་ཆུབ་སེམས་དཔའ་དེ་རང་གི་སྨོན་ལམ་གྱི་སྟོབས་མ་གཏོགས་པར་ཡང་དང་ཡང་མངལ་གྱི་གནས་སུ་སྐྱེ་བར་མི་འགྱུར་རོ།། ངན་འགྲོར་སྐྱེ་བར་མི་འགྱུར་རོ།། བུད་མེད་དུ་མི་འགྱུར་རོ།། སྐྱེ་བ
287b6 དམན་པ་འཐོབ་པར་མི་འགྱུར་རོ། ། ཡན་ལག་ཉམས་པར་མི་འགྱུར་རོ།། ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ལ་འཁྲུལ་པར་མི་འགྱུར་རོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རང་གི་སྨོན་ལམ་གྱི་སྟོབས་མ་གཏོགས་པར་སངས་རྒྱས་ཀྱི
287b7 ཞིང་སྟོང་བདག་ཏུ་སྐྱེ་བར་མི་འགྱུར་རོ། ། དེ་རྟག་པར་སངས་རྒྱས་བལྟ་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བསྐུར་སྟི་བྱ་བ་དང་མི་འབྲལ་བ་ཡིན་ནོ།། དེ་ཤེས་རབ་དང་། བསོད་ནམས་དང་། ཏིང་ངེ་འཛིན་དང་། ཐབས་མཁས་པ་དག་གིས་སེམས་ཅན
287b8 ཡོངས་སུ་སྨིན་པར་བྱེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་བར་ལ་འཇིགས་པ་མེད་པ་དང་མ་བྲལ་བ་ཡིན་ནོ། ། དཔལ་ཆོག་ཤེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་དེ་ལྟ་བུ་བགོས་ནས་བསམ་གཏན་དང་པོའི།




iiif viewer powered by OpenSeadragon

287a - 288a

Texts on this page