e-texts navigator
Collection
Volume
Page
Wylie

286b1 པོའོ། ། འདི་ལྟར་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་ཆད་བཟུང་བའི་སེམས་ཅན་རྣམས་ཀྱི་ལུས་དང་། སེམས་ཀྱིས་སྡུག་བསྔལ་གྱི་ནད་དེ་ལྟ་བུ་དག་རབ་དུ་ཞི་བར་བྱེད་དོ།། གཞན་ཡང་བྱང་ཆུབ་སེམས་དཔའ
286b2 སེམས་དཔའ་ཆེན་པོ་དེ་སྨོན་ལམ་འདི་ལྟ་བུ་འདེབས་པར་བྱེད་དེ། ། བདག་ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པར་གནས་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས
286b3 ཀྱི་སྡུག་བསྔལ་དང་། བཀྲེས་པ་དང་། སྐོམ་པ་དང་། ཆ་བ་དང་གྲང་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། ངལ་བའི་སྡུག་བསྔལ་དང་། ཚེལ་ཁྲོའི་སྡུག་བསྔལ་དག་རབ་ཏུའི་བར་གྱུར་ཅིག། ཡུན་ཇི་སྲིད་དུ་ཏིང་ངེ་འཛིར་དེ་ལྟ་བུ་དང་ལྡན
286b4 བདེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག། དགེ་བའི་ཆོས་ཐམས་ཅད་དང་བྲལ་བ་རྣམས་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་གྱུར་ཅིག། ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་ད་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས
286b5 ཅན་རྣམས་སེམས་ཅན་གཞན་དག་ལ་བྱམས་པའི་སེམས་དང་ལྡན་པ་དང་། ཕན་པའི་སེམས་དང་ལྡན་པ་དང་། མེ་འཁྲུག་པའི་སེམས་དང་ལྡན་པ་དང་། ཁོ་ན་མེད་པའི་སེམས་དང་ལྡན་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པ་དང་། སྙིང་རྗེའི་མས
286b6 དང་ལྡན་པ་དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། བསམ་གཏན་གྱི་སེམས་དང་ལྡན་པ་དང་། སྙོམས་པར་འཇུག་པ་ལ་མཁས་པར་གནས་པའི་སེམས་དང་ལྡན་པ་དང་། འཁྲུལ་པ་མེད་པའི་སེམས་དང་ལྡན་པར་གྱུར་ཅིག། ཇི་སྲིད་དུ་ཏིང་ངེ
286b7 འཛིན་དེ་ལྟ་བུ་དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་གཏི་མུག་གི་མུན་པ་དང་། རྟག་པ་དང་ཆད་པར་ལྟ་བ་དག་རབ་དུ་ཞི་བར་གྱུར་ཅིག། དུས་ཐམས་ཅད་དུ་ལྟ་བར་འཛིན་པ་རྣམས་རབ་ཏུ་ཞི་བར་གྱུར་ཅིག། ཡུན་ཇི་སྲིད་དུ་ཏིང་ངེ་འཛིན་དེ་ལྟ་བུ
286b8 དང་ལྡན་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་བློ་འཇུག་ཅིང་ཞེས་དང་རི་མོ་བྱེད་པར་གྱུར་ཅིག། ཕྱིན་ཅི་ལོག་བཞི་དང་བྲལ་ཞིང་བདེན་པ་བཞིའི་རྣམ་པ་ལ་གནས་པའི་སེམས་དང་ལྡན་པར་གྱུར་ཅིག། འཕགས་པ་དོན་དམ




iiif viewer powered by OpenSeadragon

286a - 287a

Texts on this page