e-texts navigator
Collection
Volume
Page
Wylie

285b1 པར་འཁོར་བའི་ཆུ་བོར་བདས་པས་སྡུག་བསྔལ་རྣམ་པ་སྣ་ཚོགས་དག་ཉམས་སུ་མྱོང་བ་ན། དེ་འདི་སྙམ་དུ་བདག་གིས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་དག་དོར་བར་བྱའོ་སྙམ་དུ་སེམས་ཏེ།། དེ་རླུང་གི་ཁམས་ལ་སེམས་ཉེ་བར
285b2 གཏོང་བར་བྱེད་དོ། ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་དག་སྤོང་བས་དེས་བརྗོད་དུ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། དེ་ནི་ཉན་ཐོས་དང་། རང་རྒྱལ་བ་ཐམས་ཅད་ཀྱིས་མ་ཡིན་ནོ།། དེ་ལ་སའི་ཁམས་མི་དམིགས་སོ།། ཆུའི་ཁམས་མི་དམྱིགས
285b3 སོ། ། མེའི་ཁམས་མི་དམྱིགས་སོ།། རླུང་གི་ཁམས་མི་དམིགས་སོ།། ནམ་མཁའི་ཁམས་མི་དམིགས་སོ།། རྣམ་པར་ཤེས་པའི་ཁམས་མི་དམིགས་སོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་རྒྱུབ་མི་དམིགས་སོ།། སྔོན་གྱི་མཐའ་མི་དམིགས་སོ།།
285b4 ཕྱི་མའི་མཐའ་མི་དམིགས་སོ།། འཇིག་རྟེན་འདི་མི་དམིགས་སོ།། འཇིག་རྟེན་ཕ་རོལ་མི་དམིགས་སོ།། ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མི་དམིགས་སོ།། སྐྱེ་བ་མི་དམིགས་སོ།། འཇིག་པ་མི་དམིགས
285b5 སོ། ། ཀུན་ནས་ཉོན་མོངས་པ་མི་དམིགས་སོ།། རྣམ་པར་བྱང་བ་མི་དམིགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞི་བ་ལ་གནས་པ་དེ་དག་གིས་གནས་སོ།། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་འདིས
285b6 བསྐལ་པ་ཚད་མེད་པར་བྱིན་གྱིས་རློབ་པར་འདོད་ན་ཡང་། དེ་བཞིན་ཏུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱིན་གྱིས་རློབ་པོ།། དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་འདིས་བསྐལ་པ་ཚད་མེད་པར་གནས་པར་འདོད་ན་ཡང་དེ་བཞིན
285b7 དུ་གནས་པར་བྱེད་དོ། ། འདི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དེ།། དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་བཞིན་ནོ།། དཔལ་ཆོ་ག་ཤེས་བྱང་ཆུབ་སེམས་དཔའ
285b8 སེམས་དཔའ་ཆེན་པོ་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་དུ་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཐོབ་པར་གྱུར་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ་ཏིང་ངེ་འཛིན་འདི་ལ་འཇུག་པར་འདོད་པ་དེའི་ཚེ།




iiif viewer powered by OpenSeadragon

285a - 286a

Texts on this page