| | e-texts navigator
|
282b1 བར་ཡང་འབྷྱང་ས། ཡང་ན་དབུགས་རྔུབ་པ་དང་། དབུགས་འཐུབྱུང་བའི་ཚོར་བའི་མཚན་མའི་གསལ་བའི་ཚུལ་གྱིས་ཟུང་བ་དག་ལན་པ་དང་ཉེ་བར་ན་བར་རྟོག་པར་ཡང་བྱེད་དོ།། དེ་བཞིན་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ
282b2 པ་ཡོངས་སུ་རྫོགས་པར་ཡང་འགྱུར་ལ། ཡང་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རླུང་གི་རྣལ་འབྱོར་ཡིད་ལ་བྱེད་པས་སའི་ཁམས་གཟུགས་སུ་སྣང་བ་ཐམས་ཅད་རྡུལ་དུ་བླགས་ཏེ་གཏོར་ནས་མཚན་མ་མེད་པ།
282b3 ལུས་པ་མེད་པ། བརྗོད་དུ་མེད་པ། མཚན་ཉིད་མེད་པ། རྣམ་པར་རིག་པ་མེད་པ། འདུ་བྱེད་གསུམ་ནེ་པ་ཉེ་བར་ཞི་བ། འགགས་པ། དམིགས་པ་མེད་པའི་ཏིང་ངེ་འཛིན་དག་རབ་ཏུ་ཐོབ་པོ།། བསམ་གཏན་ལ་རྣམ་པར་རྩེ་བའི་ཏིང་ངེ་འཛིན
282b4 དེ་ལྟ་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱོད་པ་ཐུན་མོང་ཡིན་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱོད་པ་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡང
282b5 ཐུན་མོང་ཡིན་ནོ། ། གང་དག་ཁ་ཅིག་དེ་ལ་གནས་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ནོ།། བརྩོན་འགྲུས་ཞན་པ་ཁ་ཅིག་ནི་ཉན་ཐོས་ཀྱི་ཆོས་རྣམས་ལ་འཕེལ་ལོ།། ཁ་ཅིག་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་བར་དུའོ།། གང་དག
282b6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འབད་པ་བརྟན་པ། སེམས་ཅན་ཐམས་ཅད་ལ་ལྟ་བ། བསོད་ནམས་དང་། ཤེས་རབ་ཀྱི་ཚོགས་དཔག་ཏུ་མེད་པ་གོམས་པར་བྱས་ཏེ། བསམ་གཏན་ཡོངས་སུ་སྤྱོད་པས་རྣམ་པར
282b7 ཅི་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དེ་ལྟ་བུ་དེ་ལ་གནས་ནས་རྣམ་པར་ལྡོག་པར་ཡང་མི་བྱེད་ལ། ཉན་ཐོས་ཀྱི་ངེས་པ་ལ་འཇུག་པར་ཡང་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གོ་ཆ་ཆེན་པོ་བགོས་ནས་བསམ་གཏན་གྱི་ཕ
282b8 རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སྦྱོར་བ་ཡོངས་སུ་སྤྱོད་པ་ལ་གནས་པ་ནས། བསམ་གཏན་གྱི་ཕ་རོམ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་འགྱུར་བའི་བར་དུའོ།། །
iiif viewer powered by OpenSeadragon
282a - 283a