e-texts navigator
Collection
Volume
Page
Wylie

279a1 རྒྱུ་གར་སྐད་དུ། མ་ཧཱ་ས་ན་ནི་བཱ་ཏྭཱ་ད་མ་ཧཱ་ཡཱ་ན་སཱུ་ཏཱན་ཏ་ཐཱ་ག་ཏ་ཤྲཱི་ས་མ་ཡ་ཧཱ་མ་སཿཡཱ་ན་སཱུ་ཏྲ། བོད་སྐད་དུ། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག
279a2 བྱ་བ་ཐེག་པ་ཆེན་པོའི་མདོ། ། ། བམ་པོ་དང་པོ།། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡི་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅི་གེ་ན། བཅོམ་ལྡན་འདས་ཚངས་པ་ཆེན་པོའི་ཕུར་བུ
279a3 ཡས་མུ་མེད་པ་ལུང་བསྟན་པ། ། དྲང་སྲོང་རྣམས་ཀྱི་གནས་ཐུབ་པའི་རྟེན་རི་ཐེར་སྒྲ་ལ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་བགྲང་བ་ལས་འདས་པ་དག་དང་། བྱང་ཆུབ་སེམས་དཔའི
279a4 དགེ་འདུན་ཆེན་པོ་ལ་འདི་ལྟ་སྟེ། ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེར་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པདག་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་འཁོར་འདུས
279a5 པ་ཆེན་པོ་དེ་ན་དཔལ་ལྷ་མོ་ཆེན་མོ་ཆོས་ཉན་པའི་ཕྱིར། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐག་མི་རིང་བ་ཞིག་ན་འདུག་གོ། དེ་ནས་དཔལ་ལྷ་མོ་ཆེན་མོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ
279a6 བཏུང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་འདི་ན་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོའི་གཟིངས་ཀྱིས་སྐྱེ་བའི་རྒྱ་མཚོ་ལས་སྒྲོལ་བར་མི་བགྱིད་པ་དག་མཆིས་ལགས
279a7 སོ། ། དེ་ཅིའི་སླད་དུ་ཞེ་ན།། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་སྙིགས་མ་ལྔ་དང་ལྡན་པ་འདི་ནི་སེམས་ཅན་བསོད་ནམས་སུ་གདགས་པ་དང་བྲལ་བ་དག་ཕལ་ཆེ་ལགས་ཏེ། རྒྱུ་དེ་དང་རྐྱེན་དེས་ན། བྱང་ཆུབ་སེམས་དཔའ་སེམས
279a8 དཔའ་ཆེན་པོ་དག་འདིར་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དག་བསྐྱེད་པར་བགྱིད་ལགས་སོ། ། འདི་ན་སེམས་ཅན་རྣམས་གང་གིས་ན་རྒྱུ་མ་མཆིས་པར་སྨྲ་ཞིང་ལོངས་སྤྱོད་དང་བྲལ་ལ། ཚོལ་ཁྲོས་སྡུག་བསྔལ་ཞིང་ཉམ




iiif viewer powered by OpenSeadragon

278b - 279b

Texts on this page