| | e-texts navigator
|
276a1 ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་རབ་འཇོམ་ལ་ཡང་དག་པར་སྐུལ་ལོ།། གནོད་སྦྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་པོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ཐམས་ཅད་ལ་ཡང་དག་པར་སྐུལ་ལོ།། སྲིན་པོའི་བདེན
276a2 པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་གོང་མ་གོང་མ་ཐམས་ཅད་ཀྱི་བདེན་པས་ཆར་ཕོ་བཤིག། ཆར་ཕོབ་ཤིག། མ་འཕྱི་བར་ཚུར་ཤག། ཀྱཻ་ཀྱེ་ཀླུ་ཆེན་པོ་དག་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར།
276a3 སྐུལ་ལོ།། ཀུན་ནས་དྲང་ངོ་།། ས་ར་ས་ར། ཧཱ་ཧཱ། དྷུ་མ་དྷུ་མ། ཧཱ་ཧཱ་ཧཱ་ཧཱ། ཧི་ཧི་ཧི་ཧི། ཨཱི་དྷྱེ་དྷེ། ཐ་ཐ་ཐ། ཙ་ཙ་ཙ་ར་ཏ། ཞིང་ཐམས་ཅད་ཀུན་དུ་གང་བར་གྱིས་ཤིག། འབྲུག་ཐམས་ཅད་ཀྱི་ཆར་ཕོ་བ་ཤིག། རླུང་ཆེན་པོ་རབ་ཏུ་ཐོབ
276a4 ཤི་། ། དྷ་མ་དྲུམ། གྷུང་གྷུང། བཱམ་བུམ། ཊ་ཊ་ཊ་ཊེ། ནི་བཱ་ར་ཎཱི། སྟམ་བྷ་ནི། མོ་ཧ་ནི། ཛཱ་གུ་ལི། བུག་ག་སི། པྲདྡྷཱ་ནཱི། མ་ཏ་ད་གི། ཛ་ཡེ་བི་ཛ་ཡཾ། ཧཱ་ཧཱ་སྭཱ་ཧཱ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དཔལ་གྱི་གཟི་བརྗིད་དང་། དེ་བཞིན
276a5 གཤེགས་པ་སྤྲིན་ཆེ་ནི་རབ་འཇོམ་དང་། དེ་བཞིན་གཤེགས་པ་སྤྲིན་འབྱུང་དང་། དེ་བཞིན་གཤེགས་པ་སྨན་ཆེན་སྙིང་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་དུ་འགེབས་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲོགས་དང་། དེ
276a6 བཞིན་གཤེགས་པ་སྤྲིན་ཆེན་རྒྱས་མཛད་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་རྣམ་པར་སྒྲོགས་པའི་སྒྲའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིག་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྲུང་དང་། དེ་བཞིན
276a7 གཤེགས་པ་སྤྲིན་ཆེན་རྔ་སྒྲ་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དཔལ་གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དབྱངས་སྙན་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན།
276a8 སྐར་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཚུབ་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཤིན་དུ་བརྟན་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྤྲིན་བརྟན་པས་དགའ་བར་མཛད་པ་དང་།
iiif viewer powered by OpenSeadragon
275b - 276b