| | e-texts navigator
|
78b1 མེ་ཏོག་དང་། བུ་ཤང་གི་མེ་ཏོག་དང་། ཏ་ངན་པར་ནི་དང་གོ་ཏར་ནི་དང་། དྲི་མཆོག་དང་། དྷ་ནུ་ཀ་རི་དང་། ལྷའི་སྔ་མའི་མེ་ཏོག་དང་། ཨུ་དཔལ་དང་། བད་མ་དང་། ཀུ་མུ་དང་པད་མ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་བཀྲམ་པ་བྱེང་དུ
78b2 འབྲུག་ཏེ། རང་སངས་རྒྱས་དེ་དག་ལ་ལྷའི་ཟས་རོབ་རྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་བྲང་གི་བྱེམ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་སངས་རྒྱས
78b3 ཞེས་བྱ་བའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའམ། འཇིག་རྟེན་གྱི་མགོན་པོ་ཞེས་བྱ་བའི་སྒྲ་ཐོས་སམ། རི་མོ་བྲིས་པ་མཐོང་ངམ། གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར
78b4 འགྱུར་ན། གང་སོར་མོ་བཅུའི་ཐལ་མོ་སྦྱར་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ།། གང་མར་མེ་འམ། བདུག་པ་འམ། མེ་ཏོག་གམ། སྤོས་འབུལ་བལྟ་ཅི་སྨོས་ཏེ། ཐན་དེའི་ཡོན་ཏན་བསྔགས་པ
78b5 གཅིག་ཙམ་བརྗོད་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ལོངས་སྤྱོད་ཆེན་པོར་འགྲུབ་པར་བྱེད་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ།། འཇམ་དཔལ་དཔེར་ན་ཆུའི་ཐིགས་པ་ཆུ་དུཿ
78b6 མཚོ་ཆེན་པོར་སོང་བ་ཡང་སྲེག་པའི་བསྐལ་པའི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པར་མི་འགྱུར་རོ། ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་ཐམས་ཅད
78b7 མཁྱེན་པའི་ཡེ་ཤེས་ཀྱི་མེ་མ་བྱུང་གི་བར་དུ་བར་མདོར་ཡོངས་སུ་ཟད་པ་འམ། མཐར་ཐུག་པར་མི་འགྱུར་ངོ་རོ།། འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཇི་ལྟར་ཆུང་ཡང་། འདི་ས་སྟེ། བོང་དང་ཁྱོན་དང་། ཆེ་བས་ས་མི
78b8 ཚོགས་ཐམས་ཅད་ཟིལ་གྱིས་མིནན་ནས་ལྷ་ངེས་འདུག་ཅིང་ཀུན་དུ་ལྷར་དེར་འཇུག་གོ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་ལ་ཇི་ལྟར་ཆུང་བ་ཡང་འདི་ལྟ་སྟེ། མཐོ་བ་དང་ཡངས་པ་དང་།
iiif viewer powered by OpenSeadragon
78a - 79a