e-texts navigator
Collection
Volume
Page
Wylie

77b1 རྒྱས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་དོ། ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རིའི་ཤིང་རྟས་འགྲོ་བ་ལྟ་བུའི་བྱང་ཆུབ
77b2 སེམས་དཔའ་རྣམས་ལ་ཉིན་ཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བྲའ་མ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་གླང་པོ
77b3 ཚེའི་ཤིང་རྟས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་ཅིག་ཟན་ཅིག་བྱིན་ན་འདི་ནི་དེབས་ཚེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག
77b4 རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་གླང་པོ་ཆེའི་ཤིང་རྟས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་ཅིག་བཞིན་དུ་ལྷའི་ཟས་རོ་རྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ
77b5 པག་གའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། ། རིགས་ཀྱི་བུའམ་རིགས་ཀྱི་བ་མོ་གཞམ་ཞིག་གིས་ནི་ཟླ་བ་ད་གི་མས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་ཅིག་ཟན་ཅིག་བྱིན་ན། འདི་ནི་དབས་ཆེས་བསོད་ནམམ
77b6 མེད་པ་སྐྱེད་དོ། ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཟླ་བ་དང་ཉི་མས་འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་རྣམ།
77b7 ལཉིན་ཅོག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཞིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྤྱན་པ་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙིད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ན་ན་ཐོས་ཀྱི་རྫུ་འཕྲུལ་གྱིས།།
77b8 འགྲོ་བ་ལྟ་བུ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་ཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་ཚིས་བསོད་ནམས་གྲངས་མེད་པསྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན




iiif viewer powered by OpenSeadragon

77a - 78a

Texts on this page

Q868 - 'phags pa nges pa dang ma nges par 'gro ba'i phyag rgya la 'jug pa zhes bya ba theg pa chen po'i mdo