| | e-texts navigator
|
219a1 རྟག་ཏུ་འཐབ་རྩོད་འབའ་ཞིག་བྱེད། ། རྒྱལ་པོས་གསོལ་པ། ག་ཏམ་བདག་གིས་གང་དང་འཐབས་ཀྱང་ཕམ་མ་མྱོང་སྟེ་རྒྱལ་བས་བདག་ན་དམག་དང་ལབ་པ་ལ་མོས་པ་ལགས་སོ།། བཅོམ་ལྡན་འདས
219a2 ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགྲ་འདི་ནི་དགྲ་ཚུང་ངུ་ཡིན་ཏེ། རྒྱལ་པོ་ཆེན་པོ་འདི་མ་ཡིན་པའི་དགྲ་ཆེན་པོ་ཤར་གཉེར་བཞིག་ཡོད་དོ།། རྒྱལ་པོས་གསོལ་པ་དགྲ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ
219a3 སྩལ་བ། ། དགྲ་ཆེན་པོ་ཉོན་མོངས་པ་བདག་དུ་འཛིན་པ་ཞེས་བྱ་བ་ཞིག་ཡོད་དོ།། རྒྱལ་པོས་གསོལ་པ། དགྲ་དེ་ཇི་ལྟ་བུ་ལགས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་རྟོག་བདག
219a4 འཛིན་པའི་དགྲ་ཆེན་པོ། ། འདི་ནི་ཆུ་བཞིན་དངོས་པོ་མེད་བཞིན་དུ།། ཐོག་མ་མེད་ནས་བདག་ལ་གནས་ནས་ནི།། བདག་གི་ཆོས་སུ་ཡིད་བཞིན་རིན་ཆེན་དེ།། གཟོད་མིའི་མུ་ནས་དགྲ་ཡིས་བརྐུས་ནས་སུ།།
219a5 མཚན་མའི་ཆད་ཚིང་གསེབ་ཏུ་སྦས་ནས་བདག། ད་རུང་འཆིང་ཞིང་འཁོར་བར་འཁྱམ་དུ་འཇུག། འཇིག་རྟེན་དགྲས་ནི་བསད་ནས་ནོར་འཕྲོག་ཙམ།། དེ་ལ་བཟོད་བྱས་བསོད་ནམས་ཚོགས་ཀྱང་རྫོགས།།
219a6 དགྲ་འདི་ཞི་བ་དེ་ཐར་པའི་སྲོག་ཀྱང་གཅོད།། ། དེ་བསྟེན་བསོད་ནམས་འཁོར་བར་འདམ་དུ་འཆིང་།། རྒྱལ་པོས་གསོལ་པ། དགྲ་ཆེན་པོ་དེ་དང་ཇི་ལྟར་འཐབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
219a7 རྣམ་ཏོག་དགྲ་ལ་རྒོལ་བའི་ཤོམ་ར་ཡང་། ། དད་པས་སྦྱིན་དང་ཚུལ་ཁྲིམས་མཁར་བརྩིགས་ཏེ།། དགེ་བའི་དཔུང་བྱས་བཟོད་པའི་གོས་སོང་ལ།། བརྩོན་འགྲུས་ལྷག་ཐོགས་བསམ་གཏན་བའུ་བརྡུངས་ཏེ།།
219a8 བདག་མེད་སྟོང་པའི་མདའ་ཡིས་བདག་འཛིན་བསད།། རྒྱལ་པོས་གསོལ་པ། བདག་མེད་པ་ཞེས་པ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་བདག་མེད་རྒྱལ་པོ་མཉན་པར་གྱིས
iiif viewer powered by OpenSeadragon
218b - 219b