| | e-texts navigator
|
128a1 དེ་དག་མྱོང་བ་དང་མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན
128a2 ནས་འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངས་སུ་མི་གཏོང་བར་ཕྱིར་ཞིང་སྨོན་པ་འདི་ནི་སྲིད་པའི་རྒྱན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་སྨོན་ཞིང་ཡང་སྲིད་པ་སྐྱེས་པའི་ལས་ལུས
128a3 དང་ངག་དང་ཡིད་ཀྱིས་ཀུན་ནས་སྨོད་པ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། ། ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། སྐྱེས་ནས་མངོན་དུ་འགྲུབ་པའི་ཕུང་པོ་རྣམས
128a4 ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས
128a5 བྱུང་བ། རྟག་པ་མ་ཡིན་མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན།། རྒྱུ་མེད་པ་མ་ཡིན།། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ།
128a6 ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་རླུང་གི་རྒྱན་བཞིན་རྗེས་སུ་ཞུགས་པའོ།། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ
128a7 རྟག་པ་མ་ཡིན། མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན།། རྒྱུ་མེད་པ་མ་ཡིན། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པ
128a8 ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ
iiif viewer powered by OpenSeadragon
127b - 128b