e-texts navigator
Collection
Volume
Page
Wylie

127a1 ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། མ་ཡིན། དག་གི་མ་ཡིན། གཞན་སུ་ཡང་མ་ཡིན་ནོ།། དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པོར་འདུ་ཤེས་པ་དང་།
127a2 རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་།
127a3 གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།། དེ་ལྟར་མ་རིག
127a4 པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱའོ།། དངོས་པོ་སོ་སོར
127a5 རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། ། རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་རྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ།། ཆོས་གསུམ་འདུས་པ་ནི
127a6 རིག་པའོ། ། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེན་པ་ནི་སྲེད་པའོ།། སྲེད་པ་འཕེལ་བ་ནི་ལེན་པའོ།། ལེན་པ་ལས་སྐྱེས་པ་ཡང་སྐྱེད་པའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱ་བའོ།། སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ།། རྒས
127a7 ནས་ཕུང་པོ་ཞིག་པ་ནི་འཆི་བའོ། ། འཆི་ཞིང་མྱོས་ཏེ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ།། མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲ་སྔགས་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚིགས་དང་ལྡན་པ
127a8 མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། ། ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ།། དེ་ལ་མུན་པ་ཆེན་པོའི་ཕྱིར




iiif viewer powered by OpenSeadragon

126b - 127b

Texts on this page

Q876 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo