e-texts navigator
Collection
Volume
Page
Wylie

126b1 མཁའི་ཁམས་ཤེས་བྱའོ།། གང་མདུད་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་འདི་ནི།
126b2 རྣམ་པར་ཤེས་པའི་ཁམས་ཤེས་བྱའོ།། རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནམ་ནང་གི་སའི་ཁམས་ཚད་ཞིང་དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚད་པར་གྱུར་ལ།
126b3 ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པོ་སྙམ་དུ་མི་སེམས་སོ།། ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས
126b4 ཀྱི་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། ། མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག
126b5 གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། ། ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་དུ་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ།། རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག
126b6 གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་འགྲུབ་པོ་སྙམ་དུ་མི་སེམས་སོ། ། ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ།། སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ།། དེ་ལ་སའི་ཁམས
126b7 ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ད་མ་ཡིན། བདག་གི་མ་ཡིན་ཏེ། གཞན་སུའི་ཡང་མ་ཡིན་ནོ།།
126b8 དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན




iiif viewer powered by OpenSeadragon

126a - 127a

Texts on this page

Q876 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo