| | e-texts navigator
|
126a1 པའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུའོ། ། གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤཱིའི་བར་དུ་ཡང་མི་མངོན་པ་ཞིག་ན་འདི་ལྟར་མ་རིག་པ་ཡོད་པ་ལས
126a2 འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་རྒ་ཤྲཱིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། ། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ།། འདུ་བྱེད
126a3 རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི
126a4 སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས་དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང།
126a5 འབྱུང་བར་འགྱུར་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བར་བལྟའོ།། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན།། ཁམས་དྲུག་འདུས་པའི་ཕྱིར་ཏེ།། ཁམས་དྲུག་པོ་གང་དག་འདུས
126a6 པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་། མེ་དང་རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི
126a7 སའི་ཁམས་གང་ཞེ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲིབ་པར་བྱེད་པ་འདི་ནི་སའི་ཁམས་ཤེས་བྱའོ།། གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཤེས་བྱའོ།། གང་ལུས་ཀྱིས་ཐོས་པ་དང་འཐུང
126a8 པདང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མའི་ཁམས་ཤེས་བྱ་བའོ།། གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཤེས་བྱ་བའོ།། གང་ལུས་ཀྱི་ནང་སྐྱབས་ཡོད་པར་བྱེད་པ་དེན།
iiif viewer powered by OpenSeadragon
125b - 126b