e-texts navigator
Collection
Volume
Page
Wylie

307b1 དངོས་པོ་མེད་པ་གསལ་བ་འདངས།། རྙོག་མ་མེད་པའི་རབ་སྟོན་ཀྱང་།། ཆོས་རྣམས་ཆུད་ཙམ་དཅས་པ།། འདན་འཇིག་ཅན་འཐུན་འཇུག་ཡིན།། ཆོས་རྣམས་ཐམས་ཅད་བརྗོད་མེད་པ།། དེ་བཞི་གཤེགས་པས་རབ་ས་རྒྱན་ཀྱང་།།
307b2 པ་དག་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སངས་རྒྱས་མཁྱེན་པ་ཆགས་མི་མདའ།། དུས་རྣམས་ཀུན་ཏུ་མཉམ་བཞག་ཀྱང་།། དབང་པོ་རྣམས་ནི་སྐྱེད་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།།
307b3 བཞིན་གཤེགས་པ་རྡོ་རྗེའི་སྐུ།། སངས་རྒྱས་ཅུང་ཟད་མི་བསྐྲུན་ཡང་།། དགེ་སློང་བྱང་ཆུབ་ཡན་ལག་སྨྲས།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སྡིག་པ་ཐམས་ཅད་ཡོངས་ཟད་དེ།། བསོད་ནམས་ཀུན་གྱིས་མངོན་འཕགས
307b4 ཀྱང་། ། ལས་ཀྱི་རྒྱུད་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སྐྱོབ་པ་སངས་རྒྱས་དུས་གསུམ་ལ།། མཐར་ཐུག་འགྱུར་བ་ཡོད་མིན་ཡང་།། མཚམས་གཅོད་པ་ཡང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན
307b5 འཇུག་ཡིན། ། དེ་བཞིན་གཤེགས་པ་ཆོས་སྐུ་སྟེ།། གཅིག་ཅི་འདྲ་བར་དེ་བཞིན་ཀུན།། འོན་ཀྱང་ཐ་དད་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། ཉན་ཐོས་སོ་སོའི་སྐྱེ་བོ་དང་།།
307b6 འཁོར་བ་ན་ནི་མྱ་ངན་འདས།། ཚིག་གི་ལམ་གྱིས་རབ་ཏུ་ཕྱེ།། སངས་རྒྱས་ཡེ་ཤེས་མཐའ་ཡས་སྟེ།། ཆོས་ཀྱི་དབྱིངས་ལས་བྱུང་ཡིན་དང་།། སངས་རྒྱས་ཞིང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། རྫོགས་པའི
307b7 སངས་རྒྱས་བསམ་མི་ཁྱབ། ། དེ་བཞིན་གཤེགས་པ་བསམ་མི་ཁྱབ།། སེམས་ཅན་འདུལ་བའི་དོན་གྱི་ཕྱིར།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཟག་མེད་ཡོད་པ་མ་ཡིན་ཡང་།། དེ་བཞིན་གཤེགས་པ་ཉན་ཐོས་ལ།། ཟག
307b8 བ་མེད་པ་ཉིད་གསུང་བ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མཁྱེན་པ་དེ་དག་གཉིས་མིན་ཡང་།། དུས་གསུམ་དག་ནི་རྣམ་གཟིགས་ཤིང་།། གཉིས་ཀྱི་འདུ་ཤེས་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།།




iiif viewer powered by OpenSeadragon

307a - 308a

Texts on this page

Q866 - 'phags pa 'jig rten kyi rjes su 'thun par 'jug pa zhes bya ba theg pa chen po'i mdo