e-texts navigator
Collection
Volume
Page
Wylie

307a1 འཆི་འཕོ་སྐྱེ་བ་སྟོན་མཛད་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འཇིག་རྟེན་འདི་ནས་སྲིད་གཞན་དུ།། སུ་ཡང་འཁོར་བར་ཡོད་མིན་ལ།། འཁོར་བ་ཡང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཕུང
307a2 པོ་དག་དང་ཁམས་རྣམས་དང་། ། སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ།། ཁམས་གསུམ་པོ་དག་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དུས་གསུམ་དག་ཏུ་སེམས་ཅན་གྱི།། རང་བཞིན་དམིགས་པ་མ་ཡིན་དང་།།
307a3 སེམས་ཅན་ཁམས་ཀྱང་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཀུན་ལ་མི་མཁྱེན་རྣམ་བྲལ་ཏེ།། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས།། འོན་ཀྱང་སྔོན་མཐའ་མི་གསུང་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།།
307a4 ཡང་དག་ཇི་བཞིན་གཞན་མིན་པར།། ཆོས་རྣམས་རྟོགས་པར་ཐུགས་ཆུང་ལ།། འོན་ཀྱང་གཞག་པ་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དམ་པའི་དོན་དུ་ཆོས་རྣམས་ཀུན། ཟབ་པར་རབ་ཏུ་མཁྱེན་གྱུར་ལ།།
307a5 ཚོགས་སུ་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། སེམས་ཅན་བསམ་པ་ཇི་བཞིན་དུ།། འཕགས་པའི་བདེན་པ་སྟོན་མཛད་ཅིང་།། བརྫུན་པར་ཡང་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིད།། བདུན
307a6 བྱེ་བ་ཕྲག་བརྒྱ་ཡིས། ། དགེ་འདུན་དབྱེ་བར་མི་ནུས་ཀྱང་།། དགེ་འདུན་དབྱེན་ནི་སྟོན་མཛད་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། ཆོས་གང་ཡང་ནི་མ་བསླབས་ལ།། མ་བསླབས་པ་ཡང་གང་ཡང་མེད།། སློབ་དང་མི་སློབ་སྟོན་མཛདག།
307a7 འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། འདུས་བྱས་རྣམས་ནི་ངོ་བོ་ཉིད།། ངོ་བོ་ཉིད་ཀྱིས་གྲོལ་བཅིངས་མེད།། དོན་ཀྱང་རྣམ་པར་གྲོལ་བ་སྟོན།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། མྱ་ངན་འདས་ལ་འགྲོ་མེད་ཀྱང་།། དགྲ་བཅོམ་ད་ནི་འགྲོ
307a8 འོང་ཞེས། ། སེམས་ཅན་རྣམས་ལ་དེ་བསྟན་པ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།། དོན་དང་དོན་མིན་མི་གཟིགས་ལ།། འགོག་པ་དང་ནི་དམ་པའི་དོན།། སྨྲ་བ་རྣམས་ཀྱི་མཆོག་གསུང་བ།། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན།།




iiif viewer powered by OpenSeadragon

306b - 307b

Texts on this page

Q866 - 'phags pa 'jig rten kyi rjes su 'thun par 'jug pa zhes bya ba theg pa chen po'i mdo