| | e-texts navigator
|
273b1 ལྡན་ཞིང་བལྟ་བའི་འོས་སུ་འགྱུར། ། ལྷ་མོ་རྣམས་ལ་འདོད་པའི་སྲེད་མི་སྐྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། འདི་ནས་ཤིའི་ཕོས་མི་ཡི་འཇིག་རྟེན་འགྲོ།། ཡན་ལག་ལགས་གནས་ཁྱད་པར་འགྲོ་བར་འགྱུར།། ནམ་ཡང
273b2 བསྟན་བཅོས་མི་ཉུ་མང་པོ་འཐོབ། ། བཅོམ་ལྡན་མཆོད་རྟེན་བརྒྱབསལ་བྱས་ན།། དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་།། དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད།། བཅོམ་ལྡན
273b3 མཆོད་རྟེན་བརྒྱབསལ་བྱས་ན། ། བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར།། འདོད་པའི་ཡོན་ཏན་དག་ལ་དགའ་མི་སྐྱེད།། མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ནི་ནམས
273b4 ཀྱང་བྱང་ཆུབ་སེམས་མི་འདོར། ། ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར།། རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ཡི་མདོག་དན་དུས་རྣམས་ཀུན་ཏུ་སྤོང་།།
273b5 འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤྱོད།། ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ལ།། ཁྱད་འཕགས་ཁ་དོན་ལྡན་ཞིང་བལྟ་སྡུག་ལ་རེག།
273b6 དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ།། དང་པའི་ཤུགས་སྐྱེས་བཅོམ་ལྡན་མཆོད་རྟེན་ལ།། མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན།། འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་།། སྟོབས་བཅུ་མངའ་བའི་དེད་དཔོན་མཉེས།།
273b7 པར་བྱེད།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར།། དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། བཅོམ་ལྡན་མཆོད་རྟེན་དག་པསྔ་རབས་མིས།།
273b8 མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས་ན།། ངན་སོངས་ཡི་ལས་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོར་གནས།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང།།
iiif viewer powered by OpenSeadragon
273a - 274a