e-texts navigator
Collection
Volume
Page
Wylie

260b1 སྡུད་པར་བྱེད་པ་འདི་དག་དང་། དེ་བཞིན་གཤེགས་པའི་མཚན་འདི་དག་འཆང་བ་དང་། ཀློག་པར་བྱེད་པ་དེས་ནང་བར་ལངས་ཏེ་གཙང་མར་བྱས་ལ། སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་བདུག་པ་གསོལ་ནས་ལྷ་མོ་ཆེན་མོ་དཔལ་ལ་ཡང
260b2 ཙན་དན་གྱི་བདུག་པ་ཕུལ་ཏེ། བླགས་ན་དེས་དཔལ་ཐམས་ཅད་ཐོབ་པར་འགྱུར་ཞིང་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཏེ། ལྷ་ཐམས་ཅད་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་བྱེད་པར་འགྱུར་ལ་དེའི་དོན་ཐམས་ཅད
260b3 ཀྱང་འགྲུབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་ཆེན་མོ་དཔལ་དེ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་།
260b4 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། རྫོགས་སྷོ།།
260b5 རྒྱ་གར་སྐད་དུ། ཨཱརྱ་ཛ་ཡ་མ་ཏི་ར་ནཱ་ས་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
260b6 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་སོ།།
260b7 དེནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ་ཤེས་པ་འདོད་པས
260b8 ཐོས་པ་ལ་བརྩོན་པར་བྱའོ། ། མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ།། ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ།། གཟུགས་བཟང་བ་འདོད་པས་བཟོད་པ་བསྒོམ་པར་བྱའོ།། སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ།། གཟུངས་འདོད




iiif viewer powered by OpenSeadragon

260a - 261a

Texts on this page

Q860 - 'phags pa lha mo chen mo dpal lung bstan pa
Q861 - 'phags pa rgyal ba'i blo gros zhes bya ba theg pa chen po'i mdo