e-texts navigator
Collection
Volume
Page
Wylie

255a1 ཆུབ་ཕྱིར་ནི་དེ་ལ་གནས། ། སྦྱིན་དང་ཚུལ་ཁྲིམས་ཆབ་སྩལ་པས།། ལྗོན་ཤིང་དེ་ནི་རྣམ་པར་བསྙུངས།། དེ་ནི་རྣམ་པར་འགྲུང་བ་ན།། འབྲས་བུ་བཟང་པོ་རྣམས་ཀྱང་འབྱུང་།། བཟོད་པ་དང་ནི་བརྩོན་འགྲུས་མཐུམ།། ལྗོན་ཤིང་བདག་གིས་ལེགས
255a2 པར་བསྲུངས། ། དེ་ནི་རྣམ་པར་འཁྲུང་བ་ན།། འབྲས་བུ་རི་མེད་འབྱུང་བར་འགྱུར།། ཤིང་འདི་བལྟན་མཛེས་པ་སྟེ།། བསམ་གཏན་ཤེས་རབ་མེ་ཏོག་རྒྱས།། འདྲེན་པ་བདག་གིས་དེ་དག་གི། འབྲས་བུ་རྣམས་ནི་མྱོང་བ་ལགས།། ཇི་ལྟར་རིལ
255a3 རྟེན་པ་ཡ། ། ཤིང་རྣམས་ཡལ་ག་ལོ་མ་དག། ཆུ་ཞེང་དགབ་པར་རྒྱ་ཆེ་བ།། འཕེལ་བར་གྱུར་ཏེ་བསྐྱོད་མི་ནུས།། དེ་བཞིན་ལྡོན་ཤིང་ཆེ་བཟང་འདི།། སངས་རྒྱས་ཆོས་ཉིད་འཚལ་བས་ན།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སྔོན་ནི་ལེགས་པ
255a4 བསྲུངས་པ་ལགས། ། འདྲེན་པ་བསོད་ནམས་ལྗོན་ཤིང་འདིའི།། འབྲས་བུ་གཞན་ཡང་མཆིས་ལགས་ཏེ།། བདག་གིས་ཉམས་སུ་མྱོང་བ་འདི།། དེ་ཡི་མེ་ཏོག་ཙམ་དུ་བས།། དེ་ཡི་འབྲས་བུ་བྱང་ཆུབ་མཆོག། སངས་རྒྱས་བྱང་ཆུབ་བླ་མེད་ལདྲ
255a5 དེ་ནི་བདག་གིས་ཐོབ་པར་འགྱུར། ། སྨད་པ་བུད་མེད་ཉིད་སྤངས་ནས།། སྐྱེས་པར་བདག་ཉིད་འགྱུར་བ་ལགས།། སེམས་ཅན་ཀུན་གྱི་རིམ་པ་མཆོག། ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས།། སྡུག
255a6 བསྔལ་ཀུན་གྱི་ཉེན་པ་ཡི། ། སེམས་ཅན་རྣམས་ནི་བདག་གིས་དགྲོལ།། འཇིག་རྟེན་ཀུན་ལ་སྙིང་བརྩེ་བའི།། སྐྱབས་སུ་བདག་ནི་འགྱུར་བ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ
255a7 བཀའ་སྩལ་པ། བདེ་ལྡན་མ་གང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་དོན་དང་། ལྷ་རྣམས་དང་། མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་ལེགས
255a8 སོ་ལེགས་སོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོའི་བཙུན་མོ་བདེ་ལྡན་མས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་དེ




iiif viewer powered by OpenSeadragon

254b - 255b

Texts on this page

Q859 - 'phags pa bde ldan ma lung bstan pa zhes bya ba theg pa chen po'i mdo