e-texts navigator
Collection
Volume
Page
Wylie

109b1 ཞིང་འཇིགས་པ་མེད། ། རེ་བ་རྣམས་ལ་ཆར་ཆུན་ལྟང་།། སེམས་རྒྱུན་ཚིམ་པར་བྱེད་ལ་ནི།། མ་ཉམས་མ་འཁྲུལ་རབ་ཏུ་ནི།། དེ་བཞིན་དག་ཅིང་བརྡ་ཕྲངསྲ།། སྐལ་དང་ལྡན་ཞིང་སྙན་པར་ལྡན།། དོན་དང་ཡོན་ཏན་ཐམས
109b2 ཅད་སོགས། ། གསུང་གི་རྒྱན་ནམས་ཀུན་སུམ་ཚོགས།། དེའི་གསུང་ལ་ནི་དགེ་བསྐྱེད་པ།། སེམས་ཅན་རྨོངས་པ་ཐ་དད་པ།། དེ་བཞིན་དེས་ཚིག་ཐ་དད་རྣམས།། དེ་ཡི་གསུང་ལ་ངེས་པར་དང་།། ཡིད་ཀྱང་རབ་ཏུ་དགའ་བ
109b3 འགྱུར། ། དེས་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས།། གནས་པའི་སེམས་ཅན་གསུང་གིས་ཁྱབ།། མགོན་པོ་དེ་ཡི་གསུང་ཚིག་ནི།། སེམས་ཅན་རྣམས་ལ་དོན་ཡོད་འཇུག། ཐུབ་པ་སྐྱེས་མཆོག་དེ་ཡི་ནི།། མགུར་ཡང་རུང་འདྲ
109b4 དབང་མགོ་ཟླུམ། ། དེ་ཡི་ཐལ་གོང་རྒྱས་པ་སྟེ།། དེ་ནི་བདུན་པོ་མཐོ་བ་མདའ།། དེ་ཡི་ཕྱག་ཀྱང་རབ་ཏུ་རིང་།། ལྤགས་པ་གསེར་མདོག་འདྲ་བ་སྟེ།། གསེར་གྱི་སྡོང་པོ་བཞིན་དུ་མཐོ།། ནྱ་གྲོ་དྷ་ལྟར་ཆུ་ཞེང་ཀ་བ།། ཕུགས་ཀ་དཔལ
109b5 གྱི་བེའུས་བརྒྱན། ། འཁོར་ལོའི་མཚན་ཅན་པད་མའི་ཕྱག། ཤིང་བལ་འདབ་ལྟར་རེག་ན་འཇམ།། དེ་ཡི་ཕྱག་གིསོར་མོ་རང་།། སྤུ་རྣམས་རེ་རེར་སྐྱེ་ཞིང་ཡང་ཕྱོགས་སྡུག་ལ་འཇམ།། བྲང་གི་བེལ་ཀ་ཆེ་ལ་རབ་རྒྱས
109b6 བ་ཟབ། ། ཕྱལ་དབྱིབས་གཞུ་འདྲ་གླང་ཆེན་བཞིན་དུ་སྦུབས་སུ་ནུག།། རྗེ་དང་ཨེ་ནེ་ཡ་འདྲ་མདངས་དཀར་འདམ་བུའི་སྦུབས།། ལོང་བུ་མི་མངོན་དེ་ཡི་རྟིང་བ་ལེགས་པར་གྲུབ།། དེ་བཞིན་དྲང་སྲོང་སོར་མོ་རིང་ཞིང་སེན
109b7 མོ་དམར། ། བདེ་བར་གཤེགས་ཀྱི་ཞབས་ཀྱི་ལོང་བུ་མི་མངོན་ཏེ། འཁོར་ལོ་ལུགས་ཀྱུ་བཀྲ་ཤིས་ལྡན་དང་དུང་གིས་སྤྲས།། མགོན་པོ་དེ་ཡི་ཞབས་གཉིས་མཉམ་ཞིང་ལེགས་གནས་དང་།། ཤིང་བལ
109b8 བཞིན་དུ་རེག་ན་འཇམ་ཞིང་བཟང་བ་དང་། ། མེ་ཏོག་ཨུ་དཔལ་དམར་པོ་ལེགས་པར་སྐྱེས་པ་ཡི།། ཁ་དོག་འདྲ་བས་ས་གཞི་དག་ལ་གཤེགས་པར་མཛད།། དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པདེ་སྦྱིན་པ།




iiif viewer powered by OpenSeadragon

109a - 110a

Texts on this page

Q851 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo