e-texts navigator
Collection
Volume
Page
Wylie

109a1 རབ་རྩེ་མོ་འདྲ་བར་ནི། ། དེ་ཡི་དབྱིབས་ནི་མཛེས་པ་ཡིན།། དེ་ཡི་སྨིན་མཚམས་མཛོད་སུ་མཛེས།། འཇམ་ཞིང་གཡས་སུ་འཁྱིལ་བ་སྟེ།། འོད་ནི་ཤེལ་དག་ཟླ་བ་ཡི།། འོད་ཟེར་དྲ་བ་མང་བས་ལྷག།
109a2 ཡི་ཞལ་ནས་སྨན་མཛེས་པ།། མེ་ཏོག་ཨུད་པལ་སྔོན་པོ་འདྲ།། བ་ཡི་རྫི་མ་ཡོངས་སུ་དག། སྲིན་མ་མ་འཛིངས་ཞི་བར་གཟིགས།། དཔལ་ལྡན་སེང་གེའི་འགྲམ་པ་འདྲ།། དེ་ན་རྟག་ཏུ་ཞལ་ཡང་འཛུམ།། སྤྲོས་ནི་བམ
109a3 བཞིན་དུ་དམར། ། ཞལ་མཛེས་ལུས་ཅན་ཀུན་འདྲེན་པ།། མཐུ་སྟོབས་ཆེན་པོ་ཐུན་སུམ་ཚོགས།། བསོད་ནམས་བརྒྱ་ཡི་སྟོབས་མངའ་བ།། ཚེམས་ཀྱི་ཕྲེང་བ་སྦ་བའི་འོད།། སྙོམས་ཤིང་ཐགས་བཟང་ཡོངས་སུ་དག།
109a4 དེམ་ཆོམས་ནི་ཤིན་དུ་དཀར།། ལྗགས་ནི་ཤིན་དུ་རིང་ཞིང་སྲག། བདག་ཉིད་ཀྱི་ནི་ཞལ་གྱིས་རས།། དེ་ཡིས་ཀུན་དུ་ཁྱབ་པར་གནས།། དཔལ་ལྡན་དབུ་ནི་གདུགས་དང་འདྲ།། དེ་བཞིན་དེ་ནི་གངས་ཀྱང་མཐོ།
109a5 མདོག་ནི་བརྩོ་མའི་གསེར་དང་འདྲ།། དེ་ཡི་ཞལ་གྱི་དཔྲལ་བ་མཛེས།། དེ་ཡི་ཞལ་གྱི་སྨིན་ཚུགས་ནི།། ཁ་དོག་མཐོན་ཏིང་ཤིན་དུ་སྡུག། ཞི་བའི་སྤྱན་ནི་མཛེས་པ་སྟེ།། སྙན་གྱི་དྲུང་དུ་ཐུག་པར་གནས།། སྙུན་ཤལ
109a6 རིང་ལ་རབ་དུ་འཕྱང་། ། ཞལ་མཛེས་སྟོན་གྱི་ཟླ་བས་ལྷག། ཞལ་རས་པད་མ་རྣམ་དག་འདྲ།། ཞལ་མདངས་དཀར་ལ་དང་ཞིང་གསལ།། བརྟན་པོ་ཚངས་པའི་སྒྲ་སྐད་ལྡན།། དེ་གསུང་ཀ་ལ་བིང་ཀ་འདྲ།། དེ་ཡི་གསུང
109a7 བཟད་ཡིད་དུའོང། ། འཇམ་ཞིང་སེམས་ཅན་ཚིམ་པར་བྱེད།། རྨ་བྱ་ངང་བ་མི་འམི་ན།། ནཻ་ཙརརོ་སྐེགས་ཁུ་བྱུ་ག་དང་། འབྲུག་སྒྲ་ཁྲུང་ཁྲུང་ཀུན་ལ།། ཤང་ཤང་ཏེའུ་དང་གླིང་བུ་དང་།། རྫ་རྔའི་སྒྲ་དང་གཞན་དག་ཀྱང་།། སྐྲ
109a8 སྐད་སྙན་པ་ཅི་ཡང་རུང་། ། དེ་དག་དེ་བཞིན་གཤེགས་པ་ཡི།། གསུང་གི་བཅུ་དྲུག་ཆར་མི་ཕོད།། སྨན་མཛད་དེ་བཞིན་མཉན་པ་སྟེ།། དེ་ནི་སྙན་ཅིང་འཇམ་པ་དང་།། ཡིད་འོད་དགའ་བྱེད་གསལ་བ་སྟེ།། སྐྱོན་དང་བྲལ




iiif viewer powered by OpenSeadragon

108b - 109b

Texts on this page

Q851 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo