| | e-texts navigator
|
9a1 རྣམས་ཀྱི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་དེ་དག་དྲིས་པ་ནི་ལགས་སོ།། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་བདབའ་གྱུར།། འཛག་རྟེན་ལ་སྦྱང་བརྩེ་བའི་ཕྱིར། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བའདན
9a2 ཀྱི་ཕྱིར། གཞན་ཡང་ད་ལྟར་གྱི་དུས་དང་། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་འོད་ཆེན་པོས་སྣང་བར་བྱ་བའི་ཕྱིར་དྲི་བ་དྲིས་པའི་བསོད་ནམས་ནི་དཔག་ཏུ་མེད་དོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན
9a3 འདི་དག་དྲིས་པ་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངསུ་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བ་དང་། བསྲུང་བར་བྱ་བའི་ཕྱིར། སེམས་ཅན་དག་ལ་ཕན་པའི་དོན་བསྟེན་པའི་ཕྱིར། སྐྱེ་བོ་དག
9a4 གི་ཡང་ཟ་བའི་ལམ་ལས་བསྒྲལ་བར་བྱ་བའི་ཕྱིར། སྐྱེ་བོ་མང་པོའི་རྟེན་དང་། གནས་དང་། མགོན་དང་། སྐྱབས་བྱ་བའི་ཕྱིར། ངན་སོར་གསུམ་ལས་གདོན་ཅིང་དབྱུང་བའི་ཕྱིར། སེམས་ཅན་དག་བླ་ན་མེད་པའི་ལམ་ལ་བཟུང་བའི
9a5 ཕྱིར། སྐྱེ་བོ་མང་པོ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྨོས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། འཁྲུག་པ་ལས་རྣམ་པར་གྲོལ་བའི་ཕྱིར། སེམས་ཅན་ལ་བླ་ན་མེད་པའི་མྱ་ངན་ལས་འདས
9a6 པའི་བོད་བ་སྦྱིན་པའི་ཕྱིར། ཕྱི་མ་མ་འོངས་པའི་དུས་ན་དམ་པའི་ཆོས་བསྲུང་ཞིང་བསྐྱབ་པའི་ཕྱིར། ཕྱི་མ་མ་འོངས་པ་འཇིགས་པའི་དུས་ངན་པའི་སེམས་ཅན་དག་བསྒྲལ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་དྲི་བར་བསམས་པ
9a7 ལེགས་སོ། ། དེ་ལྟ་བས་ན་འཇིག་རྟེན་འཛིན་ཁྱོད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། རྣམ་པར་ཕྱེ་སྟེ་བཤད་པར་བྱའོ།། བཅོམ་ལྡན་འདས་དེ་ལྟར་བགྱིའོ།། ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན
9a8 འཛིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་དམ་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། བན་པའི་དོན་པ་ནི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
iiif viewer powered by OpenSeadragon
8b - 9b