| | e-texts navigator
|
8b1 རྒྱན་དང་། ངེས་པའི་རྣམ་པར་དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་བརྒྱན་དང་། བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མཉེན་ཅིང་ངེས་པའི་སེམས་དང་། རྣམ་པར་དག་པར་བྱ་བའི་ཕྱིར། བརྩོན་འགྲུས་དང་། ཡོངས་སུ
8b2 དག་པ་ཤེས་པར་བྱ་བའི་ཕྱིར། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང་། དེ་དག་ལ་སོགས་པ་ཡོན་ཏན་ཚད་མེད་པའི་ཕྱིར་འདུག་པ་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ
8b3 བྱས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ
8b4 ཆེན་པོ་རྣམས་སངས་རྒྱས་ཀྱི་གདུང་མི་གཅོད་པར་འགྱུར་བ་དང་། སྤྱོད་ལམ་ཀུན་དུ་ཚུལ་ཁྲིམས་ལ་མ་ཆགས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་། ཆོས་ཆེན་པོ་ལ་ནན་ཏན་བྱེད་ཅིང་འཕགས་པའི་ཆོས
8b5 ཀྱི་སྤྱོད་ཡུལ་ཚད་མེད་པ་འཛིན་པ་ལ་ཤིན་དུ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད་དུ་བདག་ཞུ་བ་ནུའོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་རྣམས་ཀྱི་ཡང
8b6 དག་པའི་མཚན་ཉིད་ལ་ཤིན་དུ་མཁས་པ་ལགས། ཇི་ལྟར་ན་ཆོས་རྣམས་ཀྱི་མཚན་ཉིད་ཤིན་དུ་རྣམ་པར་འབྱེད་པ་ལ་མཁས་པ་ལགས། ཇི་ལྟར་ན་དྲན་པའི་མཐུ་དང་ལྡན་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་རྣམ་གྲངས
8b7 རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་དང་ལྡན་པ་ལགས། ཇི་ལྟར་ན་ལུས་འདི་བར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་ལགས།། དེ་སྐད་ཅེས
8b8 གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་འདིསྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ།། འཇིག་རྟེན་འཛིན་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
iiif viewer powered by OpenSeadragon
8a - 9a