| | e-texts navigator
|
8a1 དང་མཚུངས་ལ། ། རྨི་ལམ་སེམས་ཀྱི་ཀུན་རྟོག་སྟེ།། སེམས་ཀྱང་ནམ་མཁའ་ལྟ་བུ་ཡིན།། གང་ཤིག་ཚུལ་འདི་རྟག་སྒོམ་པ།། ཤེས་རབ་པ་རོལ་ཕྱིན་པའི་ཚུལ།། གང་ཤིག་འདི་ནི་རྟག་སྒོམ་པ།། དངོས་པོ་ཀུན
8a2 ལས་རྔམ་གྲོལ་ནས། ། གོ་འཕང་མཆོག་ནི་ཐོབ་པར་འགྱུར།། བླ་ན་མེད་པའི་བྱང་ཆུབ་གང་།། སངས་རྒྱས་ཀུན་གྱིས་རྣམ་བསྒོམས་པ།། བསྒོམས་དང་བཅས་པས་འཛིན་ན་ནི།། ཐེག་ཆན་འབྲས་བུ་འཐོབ་པར་འགྱུར།། འཕགས་པ
8a3 བདག་མེད་པ་དྲིས་པའིས་བྱ་བ་ཐེག་པ་ཆེན་པོའི་མེད་རྫོགས་སྷོ། ། ། རྒྱག་གྱི་མཁན་པོ་ག་མ་ལ་གྲུབ་ཏ་དང་། ཞུ་ཆེན་གྱི་ལོ་ཙྪབ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ག།
8a4 འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ།། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན
8a5 འདས་རྒྱལ་པོའི་ཁབ་བྱ་ཀ་ལན་དཀའི་གནས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་སྐྱེད་ཀྱིས་ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏེ།།
8a6 འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཅེས་བྱ་བའང་འདུས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚད་མེད་པའི་ཡོན་ཏན་གྱིས་ཡོངས་སུ་བརྒྱད་པས
8a7 སེམས་བསྐྱེད་པའི་བྷར། ཆོསྣ་ཐམས་ཅད་ཀྱི་ངེས་པའི་དོན་མཐར་ཕྱིན་པ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་ཚད་མེད་པའི་སྨོན་པས་ཚད་མེད་པའི་རྒྱན་ཡོངས་སུ་རྫོགས་པར་འགྱུར་བ་ཤིན་དུ་ཤེས་པར་བྱ་བའི་ཕྱིར། ཚད
8a8 མེད་པའི་ཆོས་རྣམས་ཀྱི་ངེས་པའི་མཚན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སྔོན་ལ་མཚད་མེད་པས་ལྷག་པའི་བསམ་པ་ཤིན་དུ་རྣམ་པར་དག་པར་བྱ་བའི་ཕྱིར། ཡོངས་སུ་རྫོགས་པར་ཤེས་པའི་ཕྱིར་། སྦྱིན་པའི
iiif viewer powered by OpenSeadragon
7b - 8b