| | e-texts navigator
|
19b1 གལ་ཏེ་ཆོས་ལ་གནས་ན་སངས་རྒྱས་མཐོང་བ་ནས་མི་བྱའོ།། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་མི་གནས་པ་ནི་སངས་རྒྱས་མཐོང་བ་ནས་བྱའོ།། གང་ཆོས་ཐམས་ཅད་ལ་མཐོང་བ་མེད་པ་ནི་སངས་རྒྱས་མཐང་ཞེས་བྱག།། བདུ
19b2 ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ན་ཆོས་ཤེས་བརྗོད་པར་ཡང་མི་རུང་། ཆོས་མ་ཡིན་ཞེས་བརྗོད་པར་ཡང་མི་རུང་། ཆོས་སུ་བལྟ་བ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་མེད་སྡེ་ལས་ཀྱང་དགེ་སློང་དག་གང་ངའི་ཆོས་ཤེས
19b3 པ་འདོད་པ་ནི་གཟིངས་དང་འདྲ་བ་ཆོས་ཀྱང་འདོད་ན་ཆོས་མ་ཡིན་པ་ག་ཅི་སྨོས་ཏེ། ག་ཤིག་ཆོས་དང་ཆོས་མ་ཡིན་པ་ལ་བཏད་སྙོམས་སུ་གྱུར་པ་ནི་སངས་རྒྱས་མཐོང་བ་ནས་བྱའོ།། དཅིའི་བྱོཕྱིར་ནན།། དེ་བཞིན་གཤེགས་པ་ནི
19b4 ཆོས་ཐམས་ཅད་ལ་བཏང་སྙོམས་པཞེས་བྱའོ། ། ཆོས་ཀྱི་མིང་ལ་མི་ཆགས་མི་འཛིན་པ་སྟེ། ཆོས་ཀྱི་མིང་དུ་ཡང་ནི་ལྟུང་ན་ཆོས་མ་ཡིན་པའི་མིང་དུ་མི་ལྟུང་བ་ལྟ་ཅི་སྨོས།། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ཀྱི་མིང་དང་བྲལ
19b5 བ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། གང་གིས་དེ་ལྟར་མཐོང་བ་ནིད་དེ་བཞིན་གཤེགས་པ་མཐོང་བཞེས་བྱའོ།། དེ་ཅིའི་ཕྱིར་ནན། ཆོས་ཐམས་ཅད་མཐོང་བ་དང་བྲལ་བའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བ་ནས་བྱའོ།།
19b6 ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཤེས་ཤིང་མཐོང་བས་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ།། རིགས་ཀྱི་བུ་དག་གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ཅིང
19b7 ཆོས་ཐམས་ཅད་དང་བྲལ་བ་དེ་ལ་ཆོས་དང་ཆོས་མ་ཡིན་པའི་མིང་དུ་སྤྲོས་པ་མེད་ཅིང་བརྗོད་པ་མེད་དེ་ཁྱ་བ་མེད་པ་བསྟན་དུ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། ། གང་ཟག་གང་ཞིག་དེ་ལྟར་ཆོས་མཐོང་བ
19b8 དེ་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། ། གང་གིས་དེ་ལྟར་དེ་བཞིན་གཤེགས་པ་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བ་ཞེས་བྱའོ།། གང་ལོག་པར་མཐོང་བ
iiif viewer powered by OpenSeadragon
19a - 20a