e-texts navigator
Collection
Volume
Page
Wylie

12b1 ཐབས་པ་འཇུག་པ་དང་བནའོ།། འདགཏན་འདན་གཞན་སང་ཆོས་རྣམ་པ་པཞི་དང་ལྡན་པར་བྱང་ཆུ་བསམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣས་གྲངས་རྣམ་པར་བྱེད་པ་ལས་ཁས་ཤིང་ཤེས་རབལ
12b2 ནན་ཏན་བྱེད་པར་འགྱུར་རོ། ། གཞི་གང་ཞེ་ན། སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་ཤིན་དུ་མཁས་པ་དང་། ཀུན་འབྱུང་གི་ཆོས་ཐམས་ཅད་ལ་ཤིན་དུ་མཁས་པ་དང་། འགོག་པའི་ཆོས་ཐམས་ཅད་ལ་ཤིན་དུ་མཁས་པ་དང་།
12b3 འགོག་པ་དང་ལམ་གྱི་ཆོས་ཐམས་ཅད་ལ་ཤིན་དུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ
12b4 པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། ། བཞི་གང་ཞེ་ན། ཆོས་རྣམས་འདྲ་བ་དང་འཇིག་པའི་སྦྱོར་བ་ལ་མཁས་པ་དང་། སྔོན་གྱི་རྒྱུས་མཐུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་ཅི་དང་ཅིས་འདུལ་བ་ལ
12b5 ཤིན་དུ་མཁས་པ་དང་། ཡི་གེ་དང་། འབྲུ་དང་། ཚིག་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
12b6 ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། ། བཞི་གང་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ལ་ཤིན་དུ་མཁས་པ་དང་། ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མི
12b7 འབྲང་བ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱལ་ཤིན་དུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་སྟེ།། འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས
12b8 དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ། ། འཇིག་རྟེན་འཛིན་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ




iiif viewer powered by OpenSeadragon

12a - 13a

Texts on this page

Q841 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo