e-texts navigator
Collection
Volume
Page
Wylie

11a1 བྱ་བ་དང་། ཤིན་དུ་བ་པའི་ཤེས་རབ་སྤྱོད་པ་དང་། དྲན་པ་རྒྱུན་མི་འཆད་པ་དང་ལྡན་པ་དང་། དྲན་པ་ཉེ་བར་བཞག་པ་པའི་རྫོགས་པར་བསྒོམ་པ་དང་ཤིའོ།། འཇིག་རྟེན་འཛིན་གཞན་ཡང་དོན་དམ་པ་བཞི་མཐོང་བའི་བྱང
11a2 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ། ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་རྟག་ཏུ་དྲན་པ་སེམས་ལ་འཇོག་པ་དང་། དྲན་པའི་དབང་པོ་རྣོབས་སྔོན་གྱི་གནས་ན
11a3 བསྒོམ་པ་ཤེས་པས་ཤེས་རབ་རྣམ་པར་དག་པ་དང་ལྡན་པ་དང་། དྲན་པ་རྒྱུན་མི་འཆད་པར་མྱུར་དུ་འཐོབ་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་བསྐྱེད་པ་དང་པ་ནིའོ།། འཇིག་རྟེན་འཛིན་དོན་རྣམ་པ་བ་ནི་མཐོང་བའི་བྱང་ཆུབ
11a4 སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ། ། བཞི་གང་ཞེ་ན། བསམ་པའི་ཐབས་ཡོངས་སུ་རྫོགས་བསྒོམ་པ་དང་། ཡང་དག་པའི་ཡེ་ཤེས་དང་ཤེས་རབ་སྒོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར
11a5 བྱ་བའི་ཕྱིར་ཤིན་དུ་བརྩོན་འགྲུས་བསྐྱེད་པ་དང་། དྲན་པའི་སྟོབས་ཀྱི་རྒྱུན་མི་འཆད་པ་ཐོབ་པར་བྱ་བའི་ཕྱིར་དྲན་པ་མི་བརྗེད་པའོ།། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ
11a6 ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བ་ཡིན་ནོ། ། འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ།། བཞི་གང་ཞེ་ན། ཤེས་རབ་ཤིན་དུ་བྱང
11a7 བདྲན་པའི་རྟག་ཏུ་རྒྱུན་མི་འཆད་པའི་བརྩོན་འགྲུས་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་བྱ་བའི་ཕྱིར་རྩེ་གཅིག་པའི་སེམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པ་དང་། ཆོས་ཐམས་ཅད་ཡང་དག་པར་དྲན་པར་བྱ་བལ
11a8 ཕྱིར་རྟག་ཏུ་ལེ་ལོ་མེད་པ་དང་། ཡང་དག་པའི་ཡིད་ལ་བྱ་བའི་ཕྱིར་རྟག་ཏུ་དབང་པོ་རྣམས་བསྲུང་བ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ




iiif viewer powered by OpenSeadragon

10b - 11b

Texts on this page

Q841 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo