| | e-texts navigator
|
10a1 ཅན་པ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བཛིན་ནི་ནན་ཏན་བྱད་པ་དང་། ཆོས་རྣམས་ཀྱིམཚན་ཉིད་རྣམ་པར་བྱེད་པལ་ཤིན་དུསཁས་པར་འགྱུར་རོ།། བ་ག་ནེན།། མ་པ་ཡང
10a2 དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཚོགས་ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་རྣམས་ཀྱི་ཐབས་ལ་ཤིན་དུ་མཁས་པས། གཞན་གྱི་དྲིན་ལ་མི་འཇོག་པར་བྱ་བ་དང་། ཡེ་ཤེས
10a3 དང་ཤེས་རབ་ཐམས་ཅད་ལ་ཤིན་དུ་མཁས་པར་བྱ་བའོ། ། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ནི་ན
10a4 ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པ་ཡིན་ནོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི
10a5 ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་སེམས་ལ་སེར་སྣའི་དྲི་མ་མེད
10a6 པ་དང་། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བདེ་བར་གནས་པས་བརྩོན་འགྲུས་སྤྱོད་པ་ལ་བར་ཆད་མེད་པ་དང་། ཡང་དག་པར་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཤིན
10a7 ཏུནན་ཏན་བྱེད་པ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ནིང་ནན་ཏན་བྱེད་པ་དང་། ཚེས
10a8 རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་དུ་མཁས་པར་འགྱུར་རོ། ། བཞི་གང་ཞེ་ན། སྔོན་ལམ་ཕུན་སུམ་ཚོགས་པ་ཤིན་དུ་དག་པ་དང་ལྡན་པ་དང་། སྤྱོད་པའི་ནན་ཏན་ཕུན་སུམ་ཚོགས་པ་རྣམ་པར་དག་པ་དང་ལྡན་པ་དང་།
iiif viewer powered by OpenSeadragon
9b - 10b