e-texts navigator
Collection
Volume
Page
Wylie

210b1 སྐར་མ་ཤེས་པའམ། རྨི་ལམ་དང་། མཚན་མ་ཤེས་པ་འམ། རིག་བྱེད་དམ། སྔགས་སམ། རིག་སྔགས་སམ། སྒྲ་འམ། མངོན་པར་ཤེས་པ་ལ་འདུག་པ་འམ། ས་གཡོ་བ་འམ། འགྲོ་ལྡིང་བའི་སྔགས་ཀྱི་སྦྱོར་བ་འམ། བྱ་རོག་གི་སྒྲ།
210b2 འམ། དེ་དགས་ཀྱི་ཁྲུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་འམ། རྒྱལ་པོའི་རྟགས་དང་། མཚན་ཉིད་དང་། མཚན་མ་འམ། ལོ་ལེགས་པ་དང་། ལོ་ཉེས་པའི་མཚན་མའམ། གདོན་རྣམ་པར་རྩེ་བ་ཤེས་པ་འམ། དེ་ལས་གཞན
210b3 པ་འཇིག་རྟེན་གྱི་བཟོ་ཤེས་པའམ། ལས་ཤེས་པ་འམ། ཡི་གེ་དང་། ལག་བརྡའ་དང་། གྲངས་དང་། བརྩི་པ་དང་། རི་མོ་བྲི་བ་དང་། གླུ་དང་། གར་དང་། པི་བད་དང་། རྔ་དང་། ཁར་དཀྲོལ་དང་། རོལ་མོ་ལ་འཇུག་པའི་ཤེས་པ་གང་དག
210b4 ཡིན་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེ་ཚེ་རྗེས་ནས་མ་བསྟན་པར་མངོན་དུ་འགྱུར་ཞིང་། དེ་དག་ལ་དེའི་ཤེས་པ་རབ་ཏུ་འཇུག་གོ། ཤེས་རབ་དང་ལྡན་པ་རྣམས་ལ་ཡང་དེ་དག་ཐམས་ཅད་སྟོན་ཅིང་ཐམས་ཅད
210b5 ལ་ཐར་ཕྱིན་པར་འགྱུར་ཏེ། དེ་བསྟན་བཅོས་དང་། སྔགས་དང་། རིག་སྔགས་ཀྱི་གནས་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་ལ། སེམས་ཅན་ཐམས་ཅད་ལ་ཡང་མི་གནོད་པར་གནས་ཤིང་། དེ་དག་གིས་ཡང་དག་པར་ཡང་མི
210b6 སེམས་སོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་མ་ཉམས་པར་ཚངས་པ་འབུམ་ཕྲག་བཅུ་དང་ལྷན་ཅིག་ཏུ་གནས་ཤིང་འདུག་ལ་སྨྲའོ།། ལྟ་བས་ཀྱང་ལྟ་བ་སྟོན་ལ་ཁ་དོག་གིས་ཀྱང་ཁ་དོག་སྟོན
210b7 སྨྲ་བས་ཀྱང་སྨྲ་བ་སྟོན། ཁ་དོག་དང་། འོད་དང་། གཟི་བརྗིད་ཀྱིས་ཀྱང་ཁ་དོག་དང་། འོད་དང་། གཟི་བརྗིད་སྟོན་ལ་ཚངས་པ་དེ་དག་ལ་ཆགས་པར་མི་འགྱུར། ཚངས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ཚུར་འོང་ཞིང
210b8 དེ་ལ་གུས་པ་བསྐྱེད་དོ། ། དེ་བཞིན་དུ་ལྷའི་གནས་ཐམས་ཅད་དུ་ཡང་བདག་པོ་ཡིན་པར་སྟོན་ལ་དེ་དག་ལ་ཆགས་པ་ཡང་མེད། དགའ་བ་ཡང་མི་སྐྱེད་ཀྱི་མི་རྟག་པའི་འདུ་ཤེས་ཉིད་སྐྱེད། སྡུག་བསྔལ་གྱི་འདུ་ཤེས་ཉིད་སྐད




iiif viewer powered by OpenSeadragon

210a - 211a

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo