| | e-texts navigator
|
206b1 དང་། ཡོངས་སུ་རྟོག་པའི་བསམ་གཏན་དུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་བདག་དང་བདག་གིར་བྱེད་པས་བསྐྱེད་པའི་ཤེས་རབ་ཏུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱིས་ལས་སོ།། བདག་ནི་བྱང་ཆུབ་སེམས་དཔའ་སྙམ
206b2 པ་དེ་ནི་ང་རྒྱལ་གྱི་ལས་སོ། ། བདག་ནི་བྱང་ཆུབ་ཏུ་ཞུགས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཚུལ་མི་གཅད་སྙམ་པ་དེ་ནི་ང་རྒྱལ་གྱི་ལསོ།། བདག་ནི་སེམས་ཅན་གྱི་དོན
206b3 ཡང་དག་པར་ཞུགསོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། ། བདག་གིས་སེམས་ཅན་མ་རྒལ་བ་བསྒྲལ་ལོ་སྙམ་མ་དང་། མ་གྲོལ་བ་བགྲོལ་ལོ་སྙམ་པ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་ངོ་སྙམ་པ་དང་། ཡོངས་སུ
206b4 མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། ། བདག་ནི་སྦྱིན་པའི་བདག་པོའོ།། བདག་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་ལྡན
206b5 སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། ། བདག་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པ་ལ་དགའ་བའོ།།
206b6 སྙམ་པ་དེ་ནི་ང་རྒྱལ་གྱི་ལ་སོ།། བདག་ནི་བྱི་ག་ནས་སྨྲག། བདག་ནི་དགོན་པ་པ་ཡོ་བྱད་བསྲུངས་པའོ་སྙམ་དུ་རློམས་སེམས་སུ་བྱེད་ཅིང་རྣམ་པར་རྟོག་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་སྟོང་པ་ཉིད་དང་། མཚན་མ་མེད
206b7 པ་དང་། ། སྨོན་པ་མེད་པ་ལ་གནས་པའོ།། སྙམ་པ་དེ་ནི་ང་རྒྱལ་གྱི་ལ་སོ།། བདག་ནི་བདེན་པར་སྨྲ་བའོ།། ཡང་དག་པར་སྨྲ་བའོ།། ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའོ།། སྙམ་པ་དེ་ནི་ང་རྒྱལ་གྱི་ལསོ།། བདག་ནི་བདུད་ཀྱི་ལས་ལས
206b8 ཡང་དག་པར་འདས་ལ། བདུད་བཞི་དང་ལྟ་བ་ཐམས་ཅད་དང་བྲལ་ཞིང་སྐྱེ་བ་མེད་པ་ལ་བཟོད་པ་ཉམས་སུ་བླང་ངོ་།། སྙམ་པ་འདི་ནི་ང་རྒྱལ་གྱི་ལས་སོ།། བདག་གིས་བྱང་ཆུབ་རྟོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས
iiif viewer powered by OpenSeadragon
206a - 207a