| | e-texts navigator
|
206a1 ཤེས་པ་དང་། མཐོང་བ་ཐོགས་པ་མེད་པ་ལ་འདས་པ་ལ་མ་འོངས་པའི་སེམས་འཕོ་བ་ཡང་མེད་པ་དང་། མ་འོངས་པ་ལ་ཤེས་པ་དང་མཐོང་བ་མེད་པ་ལ། མ་འོངས་པ་ལ་འདས་པའི་སེམས་འཕོ་བ་མེད་པ་དང་། དེ་ལྟར
206a2 བྱུང་བ་ལ་ཤེས་པ་དང་། མཐོང་བ་ཐོགས་པ་མེད།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཡང་སེམས་སྤྲོས་པ་མེད་པའོ།། གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཟག་པ་ཡང་ཤེས་ལ་དགེ་བའི་རྩ་བ
206a3 མངོན་པར་འདུ་བྱེད་པ་ལ་ཡང་ཡོངས་སུ་མི་ཟད་པར་ཤེས་པ་དང་། སྐྱེ་བ་མེད་པར་ཤེས་ལ་བསྡུ་བའི་དངོས་པོ་ལ་ཡང་ཐབས་ཤེས་པ་འདི་ནི་ཤེས་པའི་རྣམ་པར་འཕྲུལ་པའོ།། གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཤིན་ཏུ
206a4 ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་ཤིང་ཤེས་པའི་སྟོབས་དེས་ཀྱང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་ཤེས
206a5 པའི་རྣམ་པར་འཕྲུལ་པ་ཞེས་བྱའོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཤེས་པའི་རྣམ་པར་འཕྲུལ་པར་བྱེད་པར་འདོད་པས་ཡེ་ཤེས་ཀྱིས་བྱས་པའི་བྱ་བ་རྣམས་བྱའི་ང་རྒྱལ་གྱིས་བྱས་པ་རྣམས་ནི་མི་བྱའོ།།
206a6 ང་རྒྱལ་གྱི་ལས་གང་ཞེ་ན། ཅི་ཙམ་དུ་ཡིད་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཅི་ཙམ་དུ་རིམ་པོར་ཤེས་པ་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཅི་ཙམ་དུ་སེམས་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཅི་ཙམ་དུ་དགེ་བའི་རྩ་བ་མངོན་པར་འདུ
206a7 བྱེད་པ་ལ་མངོན་པར་ཞེན་པ་དེ་ཙམ་དུང་རྒྱལ་གྱི་ལས་སོ། ། ནི་ཙམ་དུལྟ་པར་ལྷུང་བའི་སྦྱིན་པ་དེ་ཙམ་དུང་རྒྱལ་གྱི་ལས་སོ།། ཅི་ཙམ་དུ་འདུ་ཤེས་སུ་ལུང་བའི་ཚུལ་ཁྲིམས་སུ་གྱུར་པ་དེ་ཙམ་དུང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ
206a8 བདག་དང་གཞན་ལ་གནས་པའི་ཟད་པར་གྱུར་པ་དེ་ཙམ་དུང་རྒྱལ་གྱི་ལས་སོ། ། ཙམ་དུ་ལུས་དང་། སེམས་ལ་མི་དམིགས་པའི་བརྩོན་འགྲུས་སུ་ཟུར་པ་དེ་ཙམ་དུང་རྒྱལ་ཀྱི་ལས་སོ།། ཙམ་དུ་རྟོག་པ་དང་། རྣམ་པ
iiif viewer powered by OpenSeadragon
205b - 206b