| | e-texts navigator
|
204b1 འཕྲུས་པ་རྒྱལ་པས་གས་པ་པ། བཅོམ་ལྡན་འདས་མ་མ་མཛད་ཀྱི་བར་ས་ཏུད་བཞིན་གཤེགས་པ་དག་གཅགས་པ་དེ་དག་ཨ་གཅིགག་ས་མལྡན་དས་རྒྱས་པ། འདུལ་ག། གཟུགས་ཀྱི་མ་ན་ཉིད་ཡོང་ས་ཏོག་པར་མང་བས
204b2 མཐོང་གི་ཆོས་ཀྱི་སྐུ་གཉིས་སུ་མེད་པར་མཐོང་བས་ནི་མ་ཡིན་ནོ། ། རྣམ་པར་འཕྲུལ་བའི་རྒྱལ་པོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ། ངས་བྱང་ཆུབ་ཀྱི་སེམས་སྟེང་ཚུན་ཆད་དེ་བཞིན་གཤེགས་པ་མང་མ་མཛད་མ་གཏོགས
204b3 པར་ནམ་ཡང་དེ་བཞིན་གཤེགས་པ་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མཐོང་བས་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ་མ་ཡིན་པའི་ཕྱིརརོ།། རྣམ་པར་འཕྲུལ་བའི་རྒྱལ་བ་དེ་བས་ན། དེ་བཞིན་གཤེགས་པ་མཐོང།
204b4 བར་འདོད་པས་ཇི་ལྟར་ངས་ཆོས་ཉིད་གཅིག་པ་དང་། ཆོས་ཉིད་གཉིས་སུ་མེད་པར་མང་མ་མཛད་མཐོང་བ་དེ་ལྟར་བལྟ་བར་བྱའོ།། ཇི་ལྟར་ཆོས་ཉིད་གཅིག་པ་ཡིན་ཞེ་ན། ངའི་ལུས་ཇི་ལྟ་བ་མར་མེ་མཛད་ཀྱི་སྐུ་ཡང་དེ་བཞིན་མ་མེ་མད་ཀྱི་སྙི་སྟབ།
204b5 མས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་བཞིན་ཏེ་དཔས་ན་ལུས་ཅིག་པ་དང་གཉིས་སུ་མེད་པ་དང་གཉིས་སུ་དབྱེར་མེད་པ་ཏེ། འདི་ལྟ་སྟེ། མཚན་ཉིད་མེད་པའི་ཕྱིར་ཆོས་ཉིད་ཅིག་པ་ཤེས་པར་བྱའི།། རྣམ་པར་བརྟགས་པས་ཤེས་པར་མི་བྱའོ།། རྣམ་པར་འཕྲུལ
204b6 བའི་རྒྱལ་པོ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་སངས་རྒྱས་མཐོང་ངོ་།། གང་ཡང་སེམས་བསྐྱེད་པ་ཐམས་ཅད་འགོག་པ་མངོན་དུ་བྱེད་ཀྱང
204b7 ཡོངསུ་མྱ་ངན་ལས་མི་འདའ་ཞིང་མི་སྐྱེ་བ་དང་། དམིགས་སུ་མེད་པའི་ཕྱིར་ཐབས་དེ་ཤེས་པས་འཁོར་བ་སྟོན་པ་འདི་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ།། དེ་ལ་བདེན་པ་ཤེས་པ་གང་ཞེ་ན། བདེན་པ་མངོན་པར་རྟོགས་པ་གང་གིས་ཉན་ཐོས
204b8 ཀྱི་རྣམ་པར་གྲོལ་བ་ལ་རེག་པར་བྱེད་ཅིང་། བདེན་པར་རྟོགས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པར་བྱས་ནས་རྣམ་པར་གྲོལ་བ་ལ་ཡང་རེག་པར་མི་བྱེད་པ་འདི་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ།། བདེན་པ་མངོན
iiif viewer powered by OpenSeadragon
204a - 205a