| | e-texts navigator
|
202b1 ཡིད་མོད་ཀྱི། སྐྱེ་མཆེད་དྲུག་ཀྱང་འདི་སྙམ་དུ་བདག་ནི་རེག་པ་སྐྱེད་སྙམ་དུ་མི་སེམས། རེག་པ་ནི་ཆ་རབའི་རྒྱན་ཡིན་མོད་ཀྱི། རེག་པ་ཡང་འདི་སྙམ་དུ་བདག་ན་མོ་བ་སྤྱོད་སྙམ་དུ་མི་སེམས། ཚོར་བ་ནི་སད་པའི་རྐྱེན་ཡིན་མད་ཀྱ།
202b2 ཚོར་བ་ཡང་འདི་སྙམ་དུ་བདག་ནི་སྲེད་པ་སྐྱེད་དོ།། སྙམ་དུ་མི་སེམས། སྲེད་པ་ནི་ལེན་པའི་རྐྱེན་ཡིན་མོད་ཀྱི། སྲེད་པ་ཡང་འདི་སྙམ་དུ་བདག་ནི་ལེན་པ་སྐྱེད་དོ་སྙམ་དུ་མི་སེམས། སྐྱེ་བ་ནི་སྲིད་པའི་རྐྱེན་ཡིན་མོད་ཀྱི་ལེན་པ་ཡང་འདིས
202b3 དུ་བདག་ནི་སྲིད་པ་སྐྱེད་སྙམ་དུ་མི་སེམས། སྲིད་པ་ནི་སྐྱེ་བའི་རྐྱེན་ཡིན་མོད་ཀྱི། སྲིད་པ་ཡང་འདི་སྙམ་དུ་བདག་ནི་སྐྱེ་བ་སྐྱེད་དོ།། སྙམ་དུ་མི་སེམས། སྐྱེ་བ་ནི་རྒ་ཤིའི་རྐྱེན་ཡིན་མོད་ཀྱི། སྐྱེ་བ་ཡང་འདི་སྙམ་དུ་བདག་ནི་རྒ་ཤི་སྐྱེད་དོ།།
202b4 སྙམ་དུ་མི་སེམས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པ་ནི་དེ་ལས་ཆད་པར་ལྟ་བ་འམ། རྟག་པར་ལྟ་བའི་ལྟ་བ་གཉིས་ལ་གནས་པར་མི་འགྲུ།
202b5 དེ་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་དག་ལས་པའོ།། སྙམ་དུ་སེམས་ཤིང་། དེ་རྒྱུ་དང་རྐྱེན་དེ་དག་ཚོལ་ཏེ་བཙལ་ན་ཡང་མི་རྙེད་དོ།། དེ་ནས་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཉམ་པར་འཇུག། ཤེས་པ་ཇི་ལྟ་བུ
202b6 ཤིག་འཇུག་ཅན། རྟེན་ཅིང་འབྲེལ་བར་འབྱུང་བ་དང་སྐྱེ་བ་མེད་པར་མཉམ་པ་དེ། སྟོང་པ་ཉིད་གང་དང་མཉམ་པ་རྐྱེན་ཅིང་འབྲེལ་བར་འབྱུང་བ་ཡང་དེ་དང་མཉམ། མཚན་མ་མེད་པ་གང་དང་མཉམ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང
202b7 མཉམ། སྨོན་པ་མ་དགང་དང་མཉམ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དེ་དང་མཉམ་མོ།། མཉམ་པ་དེ་ཉིད་གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་རྟེན་ཅིང་འབྲེལ་བར་འབྱུང
202b8 བ་དང་། མཉམ་མོ།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་དང་མཉམ་པ་དེ་ལ་བདག་སྐྱེ་བ་མེད་། སེམས་ཅན་སྐྱེ་བ་མེད་། ཆོག་སྐྱེ་བ་མེད་། གང་ཟག་སྐྱེ་བ་མེད་ལ་ཆོས་གང་ཡང་སྐྱེ་བ་མེད་། དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ།། རྟེན
iiif viewer powered by OpenSeadragon
202a - 203a