e-texts navigator
Collection
Volume
Page
Wylie

201b1 བཞིན། གང་ཟག་གི་དབྱིངས་ཀྱང་དེ་བཞིན་འཁོར་བའི་དབྱིངས་ཀྱང་དེ་བཞིན། མྱ་ངན་ལས་འདས་པའི་དབྱིངས་ཀྱང་དེ་བཞིན། མྱ་ངན་ལས་འདས་པའི་དབྱིངས་ཇི་ལྟ་པ་དེ་བཞིན་དུ་འདོད་པའི་ཁམས་ཀྱང་དའི་འམས། གཟུག
201b2 ཀྱི་ཁམས་ཀྱང་དེའི་ཁམས། གཟུགས་མེད་པའི་ཁམས་ཀྱང་དེའི་ཁམས། འདུས་བྱས་ཀྱི་ཁམས་ཀྱང་དེའི་ཁམས། འདུས་མ་བྱས་ཀྱི་ཁམས་ཀྱང་དེའི་ཁམས་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱའོ།། རྣམ་པར
201b3 འཕྲུལ་པའི་རྒྱལ་པོ་གཟུགས་ཀྱི་ཁམས་རྣམས་པ་དེ་ལྟར་གཞན་གྱི་དྲིད་ལ་མི་འཇོག་པར་ཤེས་པ་གང་ཡིན་པ་དེ་ནི་ཁམས་ཤེས་བྱའོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་སྐྱེ། མཆེད་ཤེས་པ་གང་ཞེ་ན། མིག་ནི་རང་བཞིན་ལས་མ
201b4 སྐྱེས་ཤིང་མ་བྱུང་བ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་རང་བཞིན་ལས་སྐྱེས་ཤིང་མ་བྱུང་བ་ཏེ། དེ་ལ་བྱེད་པ་པོ་གང་ཡང་མེདདོ།། རྣམ་པར
201b5 འཕྲུལ་པའི་རྒྱལ་པོ་མིག་ནི་བདག་པོ་མེད་པ་ཏེ། དེ་ལ་ལྟ་བ་པོ་གང་ཡང་མེདོ།། རྣ་བ་ནི་བདག་པོ་མེད་པ་སྟེ། དེ་ལ་ཉན་པ་པོ་གང་ཡང་མེད་དོ།། རྣ་ནི་བདག་པོ་མེད་པ་སྟེ། དེ་ལ་སྡོམ་པ་པོ་གང་ཡང་མེད་དོ།། ལྕེ་ནི་བདག་པོ་མེད་པ་སྟེ།
201b6 ལ་མྱོང་བ་པོ་གང་ཡང་མེད་དོ།། ལུས་ནི་བདག་པོ་མེད་པ་སྟེ། དེ་ལ་རེག་པ་པོ་གང་ཡང་མེད་དོ།། ཡིད་ནི་བདག་པོ་མེད་པ་སྟེ། དེ་ལ་ཤེས་པ་པོ་གང་ཡང་མེད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་མིག་གི་རང་བཞིན་གཟུགས་མི
201b7 མཐོང་། ། རྣ་བའི་རང་བཞིན་སྒྲ་མི་ཉན། སྣའི་རང་བཞིན་དྲི་མི་སྒོམ། ལྕེའི་རང་བཞིན་རོ་མྱང་བར་མི་བྱེད། ལུས་ཀྱི་རང་བཞིན་རེག་བྱ་ལ་རེག་པར་མི་བྱེད། ཡིད་ཀྱི་རང་བཞིན་ཆོས་ཤེས་པར་མི་བྱེ་དོ།། དེ་ཅིའི་ཕྱིར་ཞེ་ན། མིག་ནི་བྱེད་པ་པོ་རྐེ་བ་སྟེ།
201b8 རྩཝ་དང་། ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ཀྱི་བྱེད་པ་མེད་པ་སྟེ། རྩཝ་དང་། ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པའི་ཕྱིརརོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་མིག




iiif viewer powered by OpenSeadragon

201a - 202a

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo