| | e-texts navigator
|
200a1 འཕྲལ་བའི་རྒྱལ་པ་བྱང་ཆུབ་སེམས་དཔའ་དགལ་ཏ་དེ་བཞིན་གཤེགས་པའི་ཐུར་དུག་པར་གྱུར་པ། འདོད་ནི་དེ་བཞིན་གཤེགས་པ་ལ་མཚད་པའི་ལས་བྱ་བའི་ཕྱིར་མ་རྟག་གི་ཐར་མ་ཅ
200a2 བདག་དེ་བཞིན་གཤེགས་པའི་སྐུལ་འཐོར་ཞིང་མེ་ཏོག་གི་པུར་མ་དེ་དག་གཏོར་མ་ཐག་ཏུ་དེ་བཞིན་གཤེགས་པའི་སྒྲའི་ནང་ན་སྣང་ངོ་། ། སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིད་དམ། ནཱ་གང་དག
200a3 ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་མར་མེ་དང་། ཡོན་ཆབ་ཏུ་བྱིན་གྱིས་རློབ་སྟེ། དེ་དག་ཀྱང་འབར་ཞིང་མར་མེ་དང་། ཡོན་ཆབ་ཀྱི་ཆར་འབབ་པར་སྣང་ངོ་།། སེམས་ཅན་ཐམས
200a4 ཅད་ཀྱི་མདུན་ན་ཡང་བདག་གི་ལུས་ཉེ་བར་སྟོན་ཏེ། བརྒྱ་བྱིན་དུ་སྟོན་པ་འམ། ཚངས་པར་སྟོན་པ་འམ། ཉན་ཐོས་སུ་སྟོན་པ་འམ། རང་སངས་རྒྱས་སུ་སྟོན་པ་འམ། སངས་རྒྱས་སུ་སྟོན་པ་ཇི་ལྟར་མོས་པའི་གཟུགས་སུ
200a5 སྟོན་ཏོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་བ་སྟེ། འདི་ལྟ་སྟེ། ལྷའི་མིག་གཟུགས་ལྟ་བ་ལ་ཐོགས་པ་མེད་པ་དང་། ལྷའི་རྣ་བ་སྒྲ་ཉན་པ་ལ་སྒྲིབ
200a6 པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་ཐོགས་པ་མེད་པའི་ཤེས་པ་ཉིད་དང་། བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་ཞིང་བསྐལ་པ་གྲངས་མེད་པར་གནས་པ་ལ་ཐོགས་པ་མེད
200a7 པ། སྒྲིབ་པ་མེད་པ་དང་། ཐམས་ཅད་ཉེ་བར་སྟོན་ཅིང་ལེན་པ་མེད་པ་དང་། དོར་བ་མེད་པར་བྱེད་པ་འདི་ནི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད།
200a8 བསྟན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་མངོན་པར
iiif viewer powered by OpenSeadragon
199b - 200b