| | e-texts navigator
|
199b1 ཉིང་ལག་ཐམས་ཅད་དང་ལྡན་པར་བྱས་པའི་འོག་ཏུ་གཟུགས་བཟང་པོ་ཅན་ལ་ཆོས་སྟོན། སེམས་ཅན་མངལ་གྱི་གནས་ན་འཁོད་པ་བླུན་ཞིང་མི་གཙང་བའི་སྙིང་པོས་འཚོ་བ་དག་ཀྱང་རྫུ་འཕྲུལ་གྱིས་མཐུས་བཏུལ།།
199b2 ཏེ། མངལ་ཉིད་དུ་རིན་པོ་ཆེ་བཀོད་པའི་ཁང་པ་བརྩེགས་མར་འདུག་ནས་དེ་དག་གི་ཡིད་ཀྱི་བློ་སྐྱེད་དེ་དག་ལ་ཆོས་སྟོན། བཙས་ཏེ་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རྫུ་འཕྲུལ་གྱི་མཐུས་རིག་གི་ལས་ཀྱི་རྣམ
199b3 པར་རིག་བྱེད་ཀྱིས་བྱིས་པ་རྣམས་ལ་ཆོས་སྟོན་ཏོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་རྫུ་འཕྲུལ་དེ་ལྟ་བུ་དང་ལྡན་པས་ཚེ་འཕྲུལ་བསམ་གྱིས་མི་ཁྱབ་དན་གན་ངགཉིས་ཀྱང་ཆོས་སྟོན་ཏེ།
199b4 ཟླ་བ་དང་ཉི་མ་ལ་མོས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཟླ་བ་དང་ཉི་མའི་གཞལ་མེད་ཁང་རྣམས་ན་ཟླ་བ་དང་ཉི་མ་ཉ་ཞིང་རྫུ་འཕྲུལ་གྱི་མཐུས་ཀྱང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་། སྟོང་གསུམ
199b5 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་དུ་བཞག་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འགྲོའོ།། དེ་འགྲོ་བ་ཡང་སྣང་ལ་གཞིག་ནས་གཡོས་པ་ཡང་མེད་དོ།། དེ་འདོད་ན་སངས་རྒྱས་ཀྱི་ཞིང་གང་གཱི་ལ
199b6 ཀླུང་གི་བྱེ་མ་སྙེད་དག་སྤུའི་དྲ་བ་གཅིག་ཏུ་བཅུག་ནས་ཚངས་པའི་འཇིག་རྟེན་དུ་འདུག་ཅིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕེན་ཀྱང་སེམས་ཅན་གང་ཡང་གནོད་པར་མི་འགྱུར་ལ། སླར་ཡང་གནས
199b7 ཇི་བལྟ་བ་ཉིད་དུ་འོག་ཅི་ཀྱང་སེམས་ཅན་རྣམས་ཀྱིས་བདག་ཅག་ཁྱེར་བ་འམ། སླར་བླངས་པར་མི་ཤེས་སོ།། ཁའི་དབུགས་གཅིག་གིས་ཀྱང་སྲེད་པའི་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཞི་བར་བྱེད་དོ།། དཀྱིལ་མོ
199b8 དཀྲུང་གཅིག་ཏུ་འདུག་པས་ཀྱང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོའོ། ། ལག་པ་གཉིས་ཀྱིས་ཉི་མ་དང་། ཟླ་བ་སྒྲིབས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་སྣང་བར་བྱས་ནས་ཆོས་སྟོན་ཏོ།། རྣམ་པར།
iiif viewer powered by OpenSeadragon
199a - 200a