| | e-texts navigator
|
198b1 ཉེ་བར་སྟོན་ཏེ། དེ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཚིག་པར་དེ་དག་གིས་མཐོང་ལ་འཇིག་རྟེན་གྱི་ཁམས་དེ་ཞིག་པར་ཡང་མི་འགྱུར་རོ།། སེམས་ཅན་གང་དག་ལྷག་པའི་ང་རྒྱལ་ཅན་དེ་དག་ལ་ནི་གནོད་སྦྱིན་ལག་ན་རྡོ་རྗེའི་གཟུགས
198b2 ཉེ་བར་སྟོན་ཏེ། དེ་རྡོ་རྗེ་འབར་ལ་ཀུན་ཏུ་རབ་ཏུ་འཆད་ཅིང་འབར་བ་རབ་ཏུ་འཇིགས་པར་བྱེད་པས་དེ་དག་འཇིགས་པར་བྱས་ནས་དེ་དག་ང་རྒྱལ་མེད་པར་གྱུར་ཏེ་དེ་ལ་ཕྱག་འཚལ་ལོ།། གང་དག་འཁོར་ལོས་སྒྱུར་བའི་ཁ་དོག་ལ་མོས་པ
198b3 དེ་དག་ལ་ནི་འཁོར་ལོས་སྒྱུར་བའི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། གང་དག་བརྒྱ་བྱིན་གྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་བརྒྱ་བྱིན་གྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན་གང་དག་བདུད་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ
198b4 ནི་བདུད་ཀྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། ། སེམས་ཅན་གང་དག་ཚངས་པའི་ཁ་དོག་ལ་མོས་པ་དེ་དག་ལ་ནི་ཚངས་པའི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ།།
198b5 དེ་དག་ལ་ནི་དེ་ལྟ་བུའི་ཁ་རོག་དང་གཟུགས་ཉིད་ཀྱིས་ཆོས་སྟོན། སེམས་ཅན་གང་དག་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་སངས་རྒྱས་ཀྱི་ཁ་དོག་དང་ཟུགས་ཀྱིས་ཆོས་སྟོན་ཏོ།། དེ་སེམས་ཅན་ཁ་གཅིག་ལ།
198b6 ནི་ནམ་མཁའ་ལ་དཀྱིལ་མོ་དཀྲུང་དུ་འདུག་ནས་འོད་རྣམས་ལས་འོད་ཟེར་ཕྱུང་སྟེ་ཆོས་སྟོན་ཏོ།། དེ་སེམས་ཅན་རྒྱ་ཆེན་པོ་རྣམས་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བླ་རེ་བྲེས་པ
198b7 དར་གྱི་ཆུན་ཀོར་གྱི་ཕྲེང་བ་སྦྱངས། ། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བརྒྱན། དྲིལ་བུའི་དྲ་བ་སྐྱོད། མེ་ཏོག་སྣ་ཚེགས་བཀྲམ།། བདུག་པས་གདུགས། སིལ་སྙན་འབུམ་ཕྲག་དུ་མ་བསིལ་བ་བསྟན་ནས
198b8 ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱ་མཚོ་ཅིག་ཏུ་བྱིན་གྱིས་བརླབས་ཏེ། མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་པར་བྱས་ནས་དེའི་དབུས
iiif viewer powered by OpenSeadragon
198a - 199a