| | e-texts navigator
|
197b1 ཤེས་པ་ལྟ་བུ་དང་ལྡན་པས་འདུ་བྱེད་དུ་གཏགས་པ་རྣམས་རྨལ་མ་ལྟ་བུར་མས་པར་བྱེད་དེ། འད་ལྟ་། དབང་ན་མི་ལམ་ན་སྨྲ་བ་དང་། འཆ་བ་དང་། བད་བ་དང་སྡུག་བསྔལ་མ་པ་བཞན་དུ་འདུ་བྱེད་ཐམས་ཅད་ལམས་པར་ང།
197b2 དེ་དེ་ལྟར་མོས་པས་འཁོར་བ་ལས་སྐྱོ་བར་མི་འགྱུར་ལ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་བར་འགྱུར་རོ།། ཆོས་ཐམས་ཅད་ལ་བཅོས་མར་འདུ་ཤེས་སུ་འགྱུར་ཏེ། དེ་འདི་སྙམ་དུ་བདག་བསྐལ་པ་སྟོང་ཕྲག་འདི་སྙེད་ཅིག་ཏུ་འཐོར
197b3 བར་གྱུར་པ་དེ་ཡང་དག་པར་མ་ཡིན་ཞིང་མེད་པའོ། ། འབྱུང་བ་ཆེན་པོ་རྣམས་ནི་མེད་པས་གང་ན་འབྱུང་བ་ཆེན་པོ་རྣམས་མི་སྲེད་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཡང་དེ་བཞིན་ཏེ་ཡང་དག་པ་མ་ཡིན་ཞིང་མེད་པའོ་སྙམ་དུ
197b4 མི་སེམས་སོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་འབྱུང་བ་རྣམས་དང་། འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཁོར་ལོས་སྒྱུར་བའི་བདེ་བ
197b5 རྗེས་སུ་དྲན་ལ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན། བརྒྱ་བྱིན་གྱིས་བདེ་བ་རྗེ་སུ་དྲན་ལ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན་ཚངས་པའི་བདེ་བ་རྗེས་སུ་དྲན་ལ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན
197b6 ཡིན་ནོ། ། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། ཉན་ཐོས་ཀྱི་ཡོན་ཏན་བཀོད་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་རྗེས་སུ་དྲན་ཞིང
197b7 སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་ཕུན་སུམ་ཚོགས་པ་ཡང་རྗེས་སུ་དྲན་ནོ།། དེ་དེ་ལྟར་རྗེས་སུ་དྲན་པ་ནི་ལུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་ཡོང
197b8 སུ་འཛིན་པ་ཐམས་ཅད་ལ་མི་ལྟ་བའི་འདུ་ཤེས་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དང་སངས་རྒྱས་ཀྱི་གཟུགས་ཀྱི་སུ་དེ་དག་ཀྱང་ཟད་པའི་ཆོས་ཉིད་ཀྱི་ཟད་པ་ཡིན་ཏེ། དེ་བས་ན་བདག
iiif viewer powered by OpenSeadragon
197a - 198a