| | e-texts navigator
|
197a1 ཐེག་པ། སེམས་ཅན་འདི་དག་གརྦྷ་ནི་ཟག་པ་ཆེན་པ་ཞེས་དམམས་ཅན་རྣམས་ས་ནཿ་རྟགས་ནས་དེ་དག་ལ་དེ་བཞིན་དུ་མས་གས་།། དེ་སེཾན་གྱི་གནས་མངོན་བྱེད་པས་ལྡན་གྱི་སྣང་བ་བླན་ཆུ་།
197a2 པབཐོབ་བོ།། དེ་སངས་རྒྱས་རྣམས་ལ་སྔོན་དགེ་བའི་རྩ་བ་ཇི་སྙེད་བསྐྱེད་པ་བྱང་ཆུབ་ཏུ་ཡོངས་སུ་མ་སྔོས་པ་དེ་དག་རྗེས་སུ་དྲན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ།། སྔོན་གྱི
197a3 གནས་ཀྱང་རྗེས་སུ་དྲན་ལ་ཆོས་ཐམས་ཅད་སྔོན་གྱི་མཐར་འཕོ་བ་མེད་པར་ཡང་རབ་ཏུ་ཤེས། གང་ཡང་སྔོན་གྱི་མཐའ་ནས་ཕྱི་མའི་མཐར་འགྲོ་བ་མེད་པར་མཐོང་། ཕྱི་མའི་མཐའ་ནས་སྔོན་གྱི་མཐར་འགྲོ་བ་མེད་པར
197a4 མཐོང་ངོ་། ། ཆོས་ཐམས་ཅད་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པར་རབ་ཏུ་ཤེས་སོ།། དེ་སྔོན་གྱི་མཐར་རྗེས་སུ་དྲན་པ་ན་སྔོན་གྱི་མཐར་ལྟ་བར་མི་འགྱུར། དེ་ཕྱི་མའི་མཐའ་རྗེས་སུ་དྲན་པ་ན་ཕྱི་མའི་མཐར་ལྟ་བར་མི་འགྱུར་ཏེ། ཆོས
197a5 ཐམས་ཅད་མཐའ་དང་དབུས་མེད་པར་ཡང་རབ་ཏུ་ཤེས་སོ། ། དེ་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་ཀྱང་རྗེས་སུ་དྲན་ལ་གཟུགས་སྔོན་གྱི་མཐས་དབེན་པ་ཉིད་དུ་ཡང་རབ་ཏུ་ཤེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།།
197a6 རྣམ་པར་ཤེས་པ་སྔོན་གྱི་མཐས་དབེན་པ་ཉིད་དུ་ཡང་རབ་ཏུ་ཤེས་ཏེ། དེ་ཕུང་པོ་ལྔ་ཆར་སྔོན་གྱི་མཐས་དབེན་པ་ཉིད་དང་། ཕྱི་མའི་མཐས་དབེན་པ་ཉིད་དང་། ད་ལྟར་བྱུང་བས་དབེན་པ་ཉིད་དུ་རབ་ཏུ་ཤེ་སོ།། དེ་ཆོས་ཐམས་ཅད་སྔོན
197a7 གྱི་མཐས་སྟོང་པའི་དེ་བོ་ཉིད་དང་། ད་ལྟར་བྱུང་བས་སྤྱོད་པའི་ངོ་བོ་ཉིད་དང་། ཕྱི་མའི་མཐས་སོད་པའི་དབ་ཉིད་དུ་རབ་ཏུ་ཤེས།། རྣམ་པར་འཕྲུལ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་སྔོན་གྱི་དག་པས
197a8 རྩ་བ་ཡོང་སུ་ཉམས་པར་ཡང་མ་འགྱུར་ལ། ལས་སྟོན་པར་འདུ་བྱ་བ་སྔོན་བྱས་པ་ཡང་ཡོངས་སུ་ཟད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཐམས་ཅད་སར་པ་མ་ཡིན་པ་དང་། རྙེད་པ་མ་ཡིན་པར་ཤེས་པའི་བྱེད་དོ།།
iiif viewer powered by OpenSeadragon
196b - 197b