e-texts navigator
Collection
Volume
Page
Wylie

195a1 ཡིན་པ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་སྟིའོ། ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་དགེ་སློང་རྡོ་རྗེའི་ལྟེ་བ་ཞེས་བྱ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའས་འཛིན་ནི་དེའི་ཚ་།
195a2 དུས་ན་བདུད་རྣམ་པར་གནོན་པ་ཞེས་བྱ་བར་གྱུར་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པ་དེ་ལ་བརྟེན་ནས་སྨོན་ལམ་གྱི་བྱེ་བྲག་བསམ་གྱིས་མི
195a3 ཁྱབ་པ་རྣམས་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཅིང་སེམས་ཅན་ཚད་མེད་པ་རྣམས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད། བདུད་ཕྱིར་རྒོལ་པ་རྣམས་ཀྱང་བཅོམ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
195a4 པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་གང་ཞེ་ན། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། འདི་ས
195a5 སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་བྱ་བའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མག་ནི་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ།།
195a6 ཇི་ལྟ་བུ་ཞེ་ན། མིག་གི་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའི་མིག་གི་དབང་པོ་ཅིག་པ། རྣམས་ཀྱིས་མི་སྨྲིག་ཤིང་རྣམས་ཀྱིས་མི་སྒྲིབ། རི་རྣམས་ཀྱིས་མ་སྨིག་ནགས་ཚལ་རྣམས་ཀྱིས་མི་སྒྲིག
195a7 ཁེར་ཡུག་དང་། ཁོར་ཡུག་ཆེན་པོའི་རི་རྣམས་ཀྱིས་མི་སྨྲིག་རི་རབ་ཀྱིས་མི་སྨིག། འཇིག་རྟེན་གྱི་བར་རྣམས་ཀྱིས་མི་སྒྲིབ་སྟེ། དེ་སྒྲིབ་པ་མེད་པའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་པག་ཏུ་མེད་པ་གྲངས་མེད་པ་རྣམས
195a8 མཐོང་ཤིང་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ།། ནམ་མཁའ་ལ་ཐ་དད་པ་མེད་པའི་ཕྱིར་རོ།། ཞིང་ལ་ཞིང་སྦྱོར་བར་ཡང་མི་བྱེད། ཐ་དད་པར་ཡང་མི་བྱེད་དོ།། སངས་རྒྱས་ཀྱི་ཞིང་དེ་དག




iiif viewer powered by OpenSeadragon

194b - 195b

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo