e-texts navigator
Collection
Volume
Page
Wylie

193a1 ཅད་དེའིན་པས་ཐོས་པར་གྱུར་རོ། ། དེ་ལ་སྒྲིབ་པ་འམ་ཀུན་ནས་དཀྱིས། འཇུག་པར་ཡང་མི་འགྱུར་ལ། ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཇི་ལྟར་ཐོས་པ་ཡང་འཛིན་ཏོ།། ནནས་ཀྱ་།
193a2 ཆོས་གང་ཡང་མི་བརྗོད་དེ། ཇི་ལྟང་ན་དེ་གང་ཡང་མི་བརྗོད་ཅིང་། དེ་ནི་མིག། ། བཀའ་ཡང་མ་རྟོགས་པར་མི་འགྱུང་བས་དེ་ལྟར་ན་མི་བརྗོད་དེ།། ཆོས་གང་དག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའམ། འདུ་བྱས་དང
193a3 འདུས་མ་བྱས་སམ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའམ། དགེ་བ་དང་མི་དགེ་བའམ། ཁ་ནམཐེ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་སམ།། ན་ཐོས་ཀྱི་ཐེག་པ་དང་ལྡན་པའམ། རང་སངས་རྒྱས་ཀྱི་ཆེ།
193a4 པ་དང་ལྡན་པ་རྣམས་སམ། ཐེག་པ་ཆེན་པོ་དང་ལྡན་པ་རྣས་ཐོས་ནས། འདི་ལྟ་སྟེ། དབེན་པའི་དབྱིངས་རོ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་དེ་དག་ཐམས་ཅད་ཆོས་ཅིག་གི་ངོ་བོ་ཉིད་ཀྱིར་ཡིན་པར་འཇུག་གོ།། དེ་ཆོས་ཉན་ཅི
193a5 འཆད་ཀྱང་ཡུལ་ཐམས་ཅད་ལ་མི་ཆགས་སོ། ། ཆོས་ཀྱང་ཉོན་མོད་ཀྱི་མཚན་མ་ཐམས་ཅད་དང་ཡང་ལྷན་ཅིག་ཏུ་མི་གནས་སོ།། དེ་ཆོས་ལ་བརྟེན་པ་ཡིན་གྱིས། ཆོས་མ་ཡིན་པ་ལ་མི་བརྟེན་ཏོ།། དེ་ལ་ཆོས་གང་ཞེ་ན།
193a6 ཆོས་ཤེས་བྱ་བ་ནི་འདོད་ཆགས་དང་བྲལ་བའོ།། ཆོས་ཤེས་བྱ་བ་ནི་མཚན་མ་མེད་པའོ།། ཆོས་ཤེས་བྱ་བ་ནི་འདུས་མ་བྱས་པའོ།། ཆོས་ཤེས་བྱ་བ་ནི་མཐའ་ཡས་པ། དཔེ་མེད་པ། མི་འབྱུར་ག། དམིགས་སུ་མེད་པ། མི་སྟེ་པ།
193a7 མ་སྐྱེས་པ་སྟེ། གང་ཆོས་དེ་ལྟ་བུ་ལ་རློམ་སེམས་མེད་པ་དང་། རྟོག་པ་མེད་པ་དང་། འདུ་ཤེས་དང་། ཡིད་ཀྱི་འདུ་བྱེད་སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དེ་ནི་ཆོས་ཤེས་བྱའོ།། དེ་དོན་ལ་རྟོན་པ་ཡིན་གྱི
193a8 ཚིག་འབྲུ་ལ་རྟོན་པ་མ་ཡིན། ། ཚིག་འབྲུ་སྤོང་བས་དོན་ལ་རྟོན་པ་ཡང་མ་ཡིན་ནོ།། དེ་དོན་ལ་འབབ་པའི་བློས་ཆོས་ཉན་ཏེ། ཇི་ལྟར་ན་དོན་ལ་འབབ་པའི་བློ་ཡིན་ཞེ་ན། གང་སྟོང་པ་ཉིད་ཀྱི་དོན་གྱིས་ལྟ་བར་མི་ལྟུང་བ་དང་།




iiif viewer powered by OpenSeadragon

192b - 193b

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo